ཀྲུང་གོ་བོད་ཀྱི་དྲ་བ།

ཙེམ་པབ་ཝེའི་ཙུང་ཐུང་གིས་སྔ་སྣུར་གྱིས་འཚམས་འདྲི་མཇུག་སྒྲིལ་ནས་རྒྱལ་ནང་གི་གནས་བབ་ཐག་གཅོད་བྱེད་པར་བྲེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཚེས་ཉི་ཤུའི་ཉིན་བསྟན་དོན། ཁོས་འཚམས་འདྲིའི་བྱ་བ་སྔ་སྣུར་གྱིས་མཇུག་སྒྲིལ་ནས་ཕྱིར་ཙེམ་པབ་ཝེ་རུ་ལོག་ནས། རྒྱལ་ནང་གི་གནས་བབ་སྔར་ལས་ལྷག་པར་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

མུའུ་ནན་ཅཱ་ཀུའུ་ཝ་ཚེས་བཅུ་བཞིའི་ཉིན་ཙེམ་པབ་ཝེ་དང་བྲལ་ནས། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཨ་སེ་པེད་ཅང་། ཧཱ་སག་སི་ཐན་བཅས་ལ་འཚམས་འདྲི་སོང་བར་མ་ཟད། སུའེ་ཙེར་ཏཱ་བོ་སི་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུག་རྒྱུ་རེད། 

མུའུ་ནན་ཅཱ་ཀུའུ་ཝ་ཡིས་བསྟན་དོན། རྒྱལ་ནང་གི་གནས་བབ་ལ་བསམ་བློ་བཏང་སྟེ། ཁོས་སྔ་སྣུར་གྱིས་འཚམས་འདྲི་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ནོར་སྲིད་བློན་ཆེན་ཨིན་ཁུའུ་པེ་ཡིས་ཁོའི་ཚབ་ཏུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར། 

ཁོས་ད་རུང་མང་ཚོགས་ཀྱིས་རང་ཚོད་བཟུང་ནས་རྒྱུན་ལྡན་འཚོ་བ་སླར་གསོ་བྱས་ཏེ་བྱ་བའི་ལས་གནས་སུ་ལོག་དགོས་པའི་འབོད་སྐུལ་བཏང་། 

འབར་སྣུམ་དཀོན་པའི་གནད་དོན་ཐག་གཅོད་བྱེད་ཆེད། ཙེམ་པབ་ཝེའི་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་ཆོད་དོན་སྤེལ་ཏེ། ཚེས་བཅུ་གསུམ་ཉིན་ནས་བཟུང་ཁྲེ་སྣུམ་གྱི་རིན་གོང་ལྡབ་འགྱུར་གྱིས་ཇེ་མཐོར་གཏོང་རྒྱུ་ཐག་བཅད། བྱ་སྤྱོད་དེར་མང་ཚོགས་སྐོར་ཞིག་ཡིད་འཐད་མ་བྱུང་། ཙེམ་པབ་ཝེའི་བཟོ་ཚོགས་སོགས་ཀྱིས་མང་ཚོགས་ལ་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་སྲང་ལམ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། ཙེམ་པབ་ཝེའི་སྲིད་གཞུང་གིས་བསྡོམས་རྩིས་བྱས་པ་ལྟར་ན། བསྡོམས་པས་གནས་སྐོར་བ་གསུམ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཉེན་རྟོག་པ་གསུམ་འདུས། གཞན་ཡང་མི་དྲུག་བརྒྱ་ཙམ་འཛིན་བཟུང་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།