ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ཕའེ་ཨོ་ཡིས་འཇར་པན་དང་ཧན་གོའི་ཕྱི་འབྲེལ་བློན་ཆེན་ལ་ཁ་པར་བཏང་སྟེ་ཁྲའོ་ཞན་གྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་ཉི་ཤུའི་ཉིན་སོ་སོར་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་དང་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་གཉིས་ལ་ཁ་པར་བཏང་སྟེ་ཁྲའོ་ཞན་གྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་གཞོན་པ་ཕཱ་ལཱ་ཏིས་ནོའུ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཕིན་ཕའེ་ཨོ་དང་ཧི་ཡེ་ཐེ་ལིང་གིས་གོམ་རིམ་རྗེས་མར་ཁྲའོ་ཞན་བར་འབྲེལ་འདྲིས་བྱེད་པའི་འཆར་གཞི་ལ་གྲོས་བསྡུར་བྱས། ཁང་ཅིན་ཧི་དང་ཁ་པར་གཏོང་སྐབས། ཕྱོགས་གཉིས་ཀྱིས་སོ་སོས་ཨ་མེ་རི་ཁ་དང་ཧན་གོས་ཁྲའོ་ཞན་བར་འབྲེལ་འདྲིས་བྱས་པའི་གནས་ཚུལ་སྙན་ཞུ་བྱས། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་དབྱིན་ཀྲི་ལ་ཐུག་འཕྲད་བྱས། ཕོ་བྲང་དཀར་པོས་དེའི་རྗེས་སུ་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་ཟླ་གཉིས་པའི་ཟླ་སྨད་སྤེལ་རྒྱུ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།