ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ཀུང་ཟི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ཀུང་ཟི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ཀུང་ཟི་ནི་ཝེ་ནེ་ཙུའེ་ལཱའི་རྒྱལ་དབང་ཁེ་ལས་ཡིན་པ་དང་། རྒྱལ་ཁབ་དེའི་ནོར་སྲིད་ཡོང་འབབ་དང་ཕྱི་དངུལ་གྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན། ཀུང་ཟི་དེའི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འགོག་བྱས་ཡོད་ལ། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་ཀུང་ཟི་དེའི་བར་ཉོ་ཚོང་བྱེད་མི་རུང་ཟེར། 

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་ཉེར་གསུམ་ཉིན་ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གི་ཀྲུའུ་ཞི། ངོ་རྒོལ་ཏང་གི་མི་སྣ་བཀའ་དབྱེ་ཏའོ་གནས་སྐབས་ཀྱི་ཙུང་ཐུང་དུ་ཁས་ལེན་བྱས་པར་མ་ཟད། ཨ་མེ་རི་ཁས་མུ་མཐུད་དུ་དཔལ་འབྱོར་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱ་ལ་གནོན་ཤུགས་སྟེར་རྒྱུའི་ཚུལ་བསྟན། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཉིན་དེར་ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁའི་བར་འབྲེལ་ཐག་དངོས་སུ་བཅད་པ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།