ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་ཝ་ཧྲིན་ཐོན་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། སྐོར་ཐེངས་གསར་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་མགོ་རྩོམ་པའི་མཛད་སྒོ་དེ་ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་ཨེ་སིན་ཧའོ་ཝེ་ཨར་སྲིད་འཛིན་གཞུང་སྒྲུབ་ཁང་ནས་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རི་ཁའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོའི་སྣེ་ཁྲིད་པ་ལིག་ཧི་དང་། ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ལའེ་ཐི་ཞེ་ཙེ། ནོར་སྲིད་བློན་ཆེན་མུའུ་ནོའུ་ཆན་སོགས་མཛད་སྒོར་ཞུགས། 

སྐོར་ཐེངས་འདིའི་གྲོས་མོལ་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་ཝ་ཧྲིན་ཐོན་ནས་སྤལེ་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།