ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཏུའུ་ལོ་ཡིས་ངོ་རྒོལ་ཕྱོགས་ཁག་དང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་ངོ་རྒོལ་ཕྱོགས་ཁག་བར་གྲོས་མོལ་བྱེད་རྩིས་ཡོད་པ་བསྐྱར་སྒྲོག་བྱས་ཀྱང་། མྱུར་དུ་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁས་ལེན་མ་བྱས། ཁོས་ཞོར་དུ་ཨ་མེ་རི་ཁས་ཁོ་ལོམ་པུ་ཡཱ་དང་སྲིད་གཞུང་དང་ཝེ་ནེ་ཙུའེ་ལཱའི་ནག་ཉེས་ཚོགས་ཁག་གིས་ཝེ་ནེ་ཙུའེ་ལཱ་རུ་འཇབ་རྒོལ་དོན་རྐྱེན་བཟོ་བར་ངན་སྐུལ་བྱས་པར་སྐྱོན་འཛུགས་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཨུ་རུ་སི་རྒྱལ་སྤྱིའི་འགུལ་སྐྱོད་ནང་ཞུགས་ཏེ་ཕྱོགས་ཁག་སོ་སོས་ཝེ་ནེ་ཙུའེ་ལཱའི་ཉམས་ཉེན་ཞི་འཇགས་སུ་གཏོང་བར་བར་འདུམ་བྱེད་རྩིས་ཡོད་ཟེར། 

མཱ་ཏུའུ་ལོ་ཡིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་ཨུ་རུ་སིའི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ངོ་རྒོལ་ཕྱོགས་ཁག་བར་གྲོས་མོལ་བྱེད་རྩིས་ཡོད་པ་དང་། གྲོས་མོལ་དེ་རྒྱལ་ཁབ་གཞན་པའི་བར་འདུམ་འོག་སྤེལ་ཆོག་ཟེར། 

མཱ་ཏུའུ་ལོ་ཡིས་བཤད་རྒྱུར། ངས་ངོ་རྒོལ་ཕྱོགས་ཁག་བར་གྲོས་མོལ་བྱེད་འདོད་ཡོད་པ་དང་། ང་ཚོས་ཝེ་ནེ་ཙུའེ་ལཱའི་ཞི་བདེ་དང་དེའི་མ་འོངས་པའི་ཆེད་དུ་གྲོས་མོལ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།