ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་གསུམ་ཉིན་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡཱའི་བར་རིམ་པ་དམའ་བའི་གྲོས་མོལ་བྱེད་སྲིད་ཀྱང་། ཐུར་ཁེ་ཕྱོགས་ཀྱིས་སི་རི་ཡཱའི་ཕྱོགས་དང་མཉམ་དུ་རིམ་པ་མཐོ་བའི་གྲོས་མོལ་བྱེད་མི་སྲིད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཐུར་ཁེའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐུར་ཁེ་ཕྱོགས་དང་སི་རི་ཡཱའི་ཕྱོགས་ཀྱི་རིམ་པ་དམའ་བའི་གྲོས་མོལ་དེ་ངེས་པར་དུ་མུ་མཐུད་དུ་སྤེལ་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་རིམ་པ་དམའ་བའི་གྲོས་མོལ་དེ་ཕྱི་ཕྱོགས་སྲིད་ཇུས་ལ་འབྲེལ་བ་ཡོད་པས། གསང་འཕྲིན་སྡེ་ཁག་གྲོས་མོལ་ལ་ཞུགས་དགོས་ཟེར།
ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་རྒྱལ་ནང་དུ་འཁྲུག་རྩོད་བྱུང་བའི་རྗེས་སུ། ཐུར་ཁེ་ཡིས་སི་རི་ཡཱའི་དཔོན་ཕྱོགས་བར་གྱི་འབྲེལ་འདྲིས་ཡོད་ཚད་མཚམས་བཞག་པ་དང་། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད། །