ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡང་བསྐྱར་ཡེ་མིན་ལ་བར་འདུམ་བྱེད་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཚེས་བཅུ་གཅིག་ཉིན་གནམ་གྲུར་བསྡད་དེ་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་འབྱོར་བ་དང་། ཧུའུ་སེ་དྲག་ཆས་པར་གྲོས་མོལ་བྱེད་རྒྱུ་མ་ཟད། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་དེའི་སྔོན་བཀོད་པའི་ཧི་ཐེ་ཏཱའི་འཁྲུག་རྩོད་མཚམས་འཇོག་པ་དང་དམག་དཔུང་ཕྱིར་འཐེན་བྱེད་པའི་གྲོས་ཆོད་དངོས་འབེབ་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད། 

དེ་ནི་ཀི་ལི་ཧྥེ་སི་ཡིས་ཟླ་ངོ་གཉིས་ལྷག་གི་དུས་ཡུན་ནང་ཐེངས་བཞི་བར་སཱ་ནཱ་རུ་འཚམས་འདྲི་བྱས་པ་རེད། 
གཞན་ཡང་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་གྲོས་མཐུན་ལ་རོགས་སྐྱོར་བྱེད་པའི་ཆེད་མངག་ཚོགས་པའི་ཚོགས་གཙོ། ཏན་མག་གི་དམག་དཔོན་ལོ་ལའེ་སི་ཀའོ་ཉིན་དེའི་སྔ་དྲོར་ཡེ་མིན་གྱི་གནས་སྐབས་རྒྱལ་ས་ཡཱ་ཏེན་ནས་གནམ་གྲུར་བསྡད་དེ་སཱ་ནཱ་རུ་འབྱོར་བ་རེད། ཁོ་ཀི་ལི་ཧྥེ་སི་དང་མཉམ་དུ་ཧུའུ་སེ་དྲག་ཆས་པའི་བར་གྱི་གྲོས་མོལ་ལ་ཞུགས་རྒྱུ་རེད། 
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་འཐུས་མིས་ཧི་ཐེ་ཏཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་མི་ཆོས་རོགས་སྐྱོར་རྒྱུ་ལམ་སྒོ་འབྱེད་བྱེད་པའི་གནད་དོན་ཐད་ནས་ཐོག་མའི་གྲོས་མཐུན་བཀོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།