ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་དྲག་ཆས་མི་སྣ་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་དམག་དཔུང་གིས་ཞི་ནེ་བྱང་མ་ཞིང་ཆེན་ནས་འཇིགས་སྐུལ་ཉེས་ཅན་བརྒྱད་བསད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་ལ་འབྲེལ་ཡོད་གསང་འཕྲིན་འབྱོར་རྗེས། གློ་བུར་དུ་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་ས་བདུན་ལ་འཇབ་རྒོལ་བྱས་ཏེ། འཇིགས་སྐུལ་ཉེས་ཅན་བརྒྱད་བསད་པ་དང་། འགས་གཏོར་འཇབ་རྒོལ་དོན་རྐྱེན་ལག་བསྟར་བྱེད་པའི་ཐད་བཀོལ་བའི་རླངས་འཁོར་གཉིས་དང་འགད་རྫས་གསོག་འཇོག་བྱེད་སའི་མཛོད་ཁང་ལ་གཏོར་བཤིག་བཏང་ཟེར། 

གསལ་སྒྲོག་ལས་བདེ་འཇགས་དམག་དཔུང་གིས་གློ་བུར་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ཀྱི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད། 

ཟླ་འདིའི་ཚེས་བཅུ་དྲུག་ཉིན། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་ཞི་ནེ་བྱང་མ་ཞིང་ཆེན་གྱི་དམག་ཕྱོགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། དམག་མི་བཅོ་ལྔར་ཤི་རྨས་ཐེབས། དམག་ཕྱོགས་ཀྱིས་འཁྲུག་རྩོད་བྱེད་སྐབས་དྲག་ཆས་ཉེས་ཅན་བདུན་བསད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།