ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། གཟའ་འཁོར་རྗེས་མར་སྤེལ་རྒྱུ་ཡིན་པའི་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པའི་ཐད་ནས་གྲོས་བསྡུར་བྱས། 

ཨན་པའེ་ཅིན་སན་གྱིས་ཁ་པར་གྲོས་མོལ་བྱས་རྗེས་བསྟན་དོན། འཇར་པན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་མཚོན་ཆ་དང་འཕུར་མདའ། འཇར་པན་བ་བཙན་ཁྲིད་བྱས་པ་སོགས་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་མཉམ་ལས་ཟབ་མོ་བྱེད་པར་འཐད་པ་བྱུང་ཡོད་ཟེར། ཨན་པའེ་ཅིན་སན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་ལས་གོང་གི་གནད་དོན་དེ་དག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ལ། ཨེ་ཤ་ཡཱ་ཤར་མ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་ཟེར། 

གཞན་ཡང་འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོའི་ཁ་པར་གྲོས་མོལ་ལས་ཐི་ལིང་ཕུའུ་ཡིས་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་འཇར་པན་དུ་འཚམས་འདྲི་བྱེད་རྒྱུ་ཐག་བཅད། ཐི་ལིང་ཕུའུ་འཇར་པན་གྱི་གནམ་བསྐོས་གོང་མ་ད་ལོའི་ཟླ་ལྔ་བར་སྲིད་ཁྲིད་འཁོད་རྗེས་ཐུག་འཕྲད་བྱས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་པོར་འགྱུར་སྲིད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།