ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཝེ་ནེ་ཙུའེ་ལཱའི་ཀྲིག་ཀྲང་བཞི་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་ལྔ་ཉིན་ཝེ་ནེ་ཙུའེ་ལཱའི་ཀྲིག་ཀྲང་བཞི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། བཀག་སྡོམ་ཐེབས་པ་ནི་ཝེ་ནེ་ཙུའེ་ལཱའི་སུའུ་ལེ་ཡཱ་ཀྲིག་དང་ཨ་ཕུའུ་ལོས་ཀྲིག པཱ་ཅཱ་སི་ཀྲིག ཁཱ་ལཱ་བོ་བོ་ཀྲིག་བཅས་ཀྱི་ཀྲིག་ཀྲང་ཡིན་པ་དང་། ཁོ་ཚོས་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ལ་རྒྱབ་སྐྱོར་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཝེ་ནེ་ཙུའེ་ལཱ་རུ་བསྐྱལ་བར་བཀག་རྒྱ་བཟོས་པས་རེད་ཟེར། 

ཨ་མེ་རི་ཁའི་འབྲེལ་ཡོད་གཏན་འཁེལ་ལྟར་ན། བཀག་སྡོམ་བྱེད་ཐབས་མི་དེ་དག་གི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་ཉོ་ཚོང་གང་ཡང་བྱེད་མི་རུང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།