ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ཡིས་མུ་མཐུད་དུ་དབྱི་རག་གི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཁོས་མ་འོངས་པའི་ཟླ་ངོ་འགའི་ནང་དབྱི་རག་ཏུ་འཚམས་འདྲི་བྱེད་རྒྱུ་ཡིན་ཟེར། ཁོས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་རྗེས། ཧྥ་རན་སི་ཡིས་མུ་མཐུད་དུ་དབྱི་རག་གི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས། 

མཱ་ཁི་ལུང་གིས་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་དང་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་རག་སྔར་བཞིན་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལ་འཕྲད་ཡོད་པ་དང་། ཧྥ་རན་སི་ཡིས་ཆབ་སྲིད་དང་དམག་དོན་ཐད་ནས་དབྱི་རག་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཁྱབ་ཁོངས་མང་བོ་ནས་མཉམ་ལས་སྤེལ་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཧྥ་རན་སི་ཡིས་དབྱི་རག་ལ་ཡོ་སྒོར་ཐེར་འབུམ་གཅིག་གི་དངུལ་བུན་འདོན་སྤྲོད་བྱས་ཏེ་དབྱི་རག་གི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཁྱད་པར་དེ་འགྲིམ་འགྲུལ་དང་འཕྲོད་བསྟེན། འཐུང་ཆུ། ནུས་ཁུངས་སྒྲིག་ཆས་བཅས་ཀྱི་ལས་གཞི་ལག་བསྟར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར། 

སཱ་ལེ་ཧི་ཡིས་དབྱི་རག་དང་ཧྥ་རན་སིའི་གྲོགས་པོའི་འབྲེལ་བར་གཟེངས་བསྟོད་བྱས་པར་མ་ཟད། མ་འོངས་པར་མཱ་ཁི་ལུང་གིས་དབྱི་རག་ཏུ་འཚམས་འདྲི་བྱེད་པར་དགའ་བསུ་ཞུས། སཱ་ལེ་ཧི་ཡིས་ཚེས་ཉེར་ལྔ་ཉིན་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་པ་དང་། འཐབ་འཁྲུག་གི་གཏོར་བརླག་ཐེབས་པའི་དབྱི་རག་བྱང་ཕྱོགས་ཀྱི་མའོ་སུའུ་ཨར་གྲོང་རྡལ་གྱི་བསྐྱར་འཛུགས་གནད་དོན་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།