འཁྱག་གླིང་གི་ཙུང་ལི་ཡིས་ཨེ་སོ་ནི་ཡཱ་རུ་འཚམས་འདྲི་བྱས་ཏེ་གྲངས་ལྡན་ཅན་གྱི་མཉམ་ལས་ལ་གྲོས་བསྡུར་བྱས།

20190228094936Tm4C.jpg

ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཨེ་སོ་ནི་ཡཱའི་རྒྱལ་ས་ཐཱ་ལིན་ནས། ཨེ་སོ་ནི་ཡཱའི་ཙུང་ལི་ལཱ་ཐཱ་སི་ཡིས་འཚམས་འདྲིར་ཡོང་བའི་འཁྱག་གླིང་གི་ཙུང་ལི་ཡཱ་ཀི་པུའུ་སི་ཏའོ་ཏིས་ཨར་ལ་ཐུག་འཕྲད་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་སོ་ནི་ཡཱའི་ཙུང་ལི་ལཱ་ཐཱ་སི་ཡིས་ཚེས་ཉེར་བདུན་ཉིན་འཚམས་འདྲིར་ཡོང་བའི་འཁྱག་གླིང་གི་ཙུང་ལི་ཡཱ་ཀི་པུའུ་སི་ཏའོ་ཏིས་ཨར་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་གྲངས་ལྡན་ཅན་དང་གློག་རྡུལ་སྲིད་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ལཱ་ཐཱ་སི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་བལྟས་ན་གྲངས་ལྡན་ཅན་གྱི་ཐག་གཅོད་ཇུས་གཞི་དེས་སྤྱི་ཚོགས་སྔར་ལས་ཕན་ནུས་ལྡན་པ་དང་མངོན་གསལ་ཡོང་བར་རམ་འདེགས་བྱེད་ཐུབ་པ་དང་། གཞི་གྲངས་བརྗེ་སྤོར་དང་གྲངས་ལྡན་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་པའི་བྱེད་ཐབས་རྙེད་ཐུབ་པའི་རེ་བ་ཡོད་ཟེར། 

ཡཱ་ཀི་པུའུ་སི་ཏའོ་ཏིས་ཨར་གྱིས་བསྟན་དོན། འཁྱག་གླིང་གིས་གསར་གཏོད་དང་ཚན་རིག་ཞིབ་འཇུག་གི་དངུལ་གཏོང་ལ་སྐུལ་མ་གཏོང་བའི་སྲིད་ཇུས་གཏན་འབེབས་བྱེད་བཞིན་ཡོད་པ་དང་། ཨེ་སོ་ནི་ཡཱ་ཡིས་གློག་རྡུལ་སྲིད་དོན་འཕེལ་རྒྱས་སུ་བཏང་བའི་ཐད་ཀྱི་སྔོན་ཐོན་བྱེད་ཐས་དང་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ཕྱོགས་གཉིས་ཀྱི་མཉམ་ལས་དང་ཡོ་རོབ་གླིང་བྱང་མ་དང་པའོ་ལོ་ཏིས་མཚོ་ཁོངས་རྒྱལ་ཁབ་ཀྱི་ས་ཁོངས་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།