ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཨ་མེ་རི་ཁ་དང་ཧན་གོས་དཔྱིད་ཀའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་དང་ཧན་གོ་ཡིས་དཔྱིད་ཀར་སྤེལ་བའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་བཞག་སྟེ། ཕྱི་འབྲེལ་གྱི་རྩོལ་བར་བརྟེན་ནས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་དམིགས་འབེན་དུ་བསླེབ་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་དགོང་མོར་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཚབ་མ་ཧྲ་ནཱ་ཧན་གྱིས་ཉིན་དེར་ཧན་གོའི་རྒྱལ་སྲུང་པུའུ་ཀྲང་ཀྲིན་ཅིན་ཏིག་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་དཔྱིད་ཀར་སྤེལ་བའི་གནད་འགག་ཆོད་དོན་དང་བྱ་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་རབ་དང་རིམ་པ་སྤེལ་མཚམས་འཇོག་རྒྱུ་ཐག་བཅད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་ལས་ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་འདོད་ཡོད་པ་དང་། ཕྱི་འབྲེལ་ལ་བརྟེན་ནས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་མཚོན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་བཀོད་འདོམ་ཁང་གི་སྦྱོང་བརྡར་དང་དངོས་དམག་སྦྱོང་བརྡར་སོགས་ལ་བརྟེན་ནས་དམག་དཔུང་གི་དམག་གྲབས་རྣམ་པ་སྲུང་འཛིན་བྱེད་པར་འཐད་པ་བྱུང་། ཧྲ་ནཱ་ཧན་དང་ཀྲིན་ཅིན་ཏིག་གཉིས་ཀྱིས་ད་རུང་བསྟན་དོན། ཨ་མེ་རི་ཁ་དང་ཧན་གོ་ཡིས་མུ་མཐུད་དུ་མཉམ་ལས་བྱས་ཏེ་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ཡུན་རིང་གི་ཞི་བདེའི་རྣམ་པ་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།