ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འགན་ཁུར་བའི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་གཉིས་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་པའི་ཆེད་མངག་ཚོགས་པའི་ཚོགས་གཙོ། ཏན་མག་གི་དམག་དཔོན་ལོ་ལའེ་སི་ཀའོ་ཡི་རླངས་འཁོར་རུ་ཁག་ལ་ཉིན་དེར་ཡེ་མིན་གྱི་ཧི་ཐེ་ཏཱ་ནས་འཇབ་རྒོལ་ཐེབས་པ་དང་། མིག་སྔར་ད་རུང་མི་སྣར་ཤི་རྨས་ཐེབས་མིན་གསལ་བོར་མི་ཤེས། 

ཧུའུ་སེ་དྲག་ཆས་པས་ཡེ་མིན་སཱ་པཱ་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ལོ་ལའེ་སི་ཀའོ་ཡིས་ཉིན་དེར་ཧི་ཐེ་ཏཱའི་ཉེ་འདབས་ཀྱི་མཚོ་དམར་ཕྱེ་འཐག་བཟོ་གྲྭར་རྟོག་ཞིབ་བྱས་པ་དང་། དེའི་རླངས་འཁོར་རུ་ཁག་ཕྱིར་ལོག་པའི་ལམ་བར་ནས་འཇབ་རྒོལ་ཐེབས་པ་རེད་ཟེར། གསལ་སྒྲོག་ལས་འཇབ་རྒོལ་དེ་ལས་རླངས་འཁོར་རུ་ཁག་གི་མི་སྣར་ཤི་རྨས་ཐེབས་མིན་གསལ་བོར་བརྗོད་མེད། 

ཧུའུ་སེ་དྲག་ཆས་པས་གསལ་སྒྲོག་ནང་ཡེ་མིན་སྲིད་གཞུང་གིས་འཇབ་རྒོལ་དོན་རྐྱེན་བཟོས་པར་སྐྱོན་འཛུགས་བྱས། ཡེ་མིན་སྲིད་གཞུང་གིས་ད་རུང་དོན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།