ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མེན་སི་ཁིའི་ཚན་ཆུང་གི་སྒྲོམ་གཞིའི་ནང་ཞི་བའི་སྒོ་ནས་ནཱ་ཁཱའི་གནད་དོན་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིནཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། སི་ལོ་ཝ་ཁིའི་ཕྱི་འབྲེལ་བློན་ཆེན་ལའེ་ཆཱ་ཁི་ཡིས་ཚེས་ལྔ་ཉིན་ཨ་སེ་པེད་ཅང་གི་རྒྱལ་ས་པཱ་ཁུའུ་ནས་བསྟན་དོན། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་དེ་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་སྒྲོམ་གཞིའི་ནང་ཞི་བའི་སྒོ་ནས་ཐག་གཅོད་བྱེད་དགོས་ཟེར། 

ལའེ་ཆཱ་ཁི་ཡིས་ཉིན་དེར་པཱ་ཁུའུ་ནས་ཨ་སེ་པེད་ཅང་གི་ཕྱི་འབྲེལ་བློན་ཆེན་མཱ་མེ་ཅི་ཡཱ་ལོ་ཧྥུའུ་དང་མཉམ་དུ་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་ལ་གྲོས་བསྡུར་བྱས། ལའེ་ཆཱ་ཁི་ཡིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་པའི་གྲོས་མོལ་ལ་བརྟེན་ནས་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་རྐྱེན་སྲོལ་གཅིག་པུ་ཡིན་པ་དང་། རྐྱེན་སྲོལ་དེ་ལ་ལེགས་སྒྲིག་གང་རུང་བྱེད་པར་ཡང་ཕྱོགས་སོ་སོས་གྲོས་མོལ་བྱས་ཏེ་ཡིད་འཐད་འབྱུང་དགོས་ཟེར། 

ལའེ་ཆཱ་ཁི་ཡིས་བསྟན་དོན། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མྱུར་དུ་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་པ་དང་། ང་ཚོས་གཙོ་བོ་མི་ཆོས་རིང་ལུགས་དང་གཏན་འཇགས། གྲོས་མོལ་བཅས་ལ་དོ་སྣང་བྱེད་བཞིན་ཡོད་ཟེར། 

མཱ་མེ་ཅི་ཡཱ་ལོ་ཧྥུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་གྱི་ད་ལྟའི་གནས་བབ་དེ་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་མི་རུང་བ་དང་། ཨ་སེ་པེད་ཅང་གིས་ཕྱོགས་སོ་སོ་དང་མཉམ་འབྲེལ་བྱས་ཏེ་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།