ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ས་འོག་འགད་རྫས་འགས་གཏོར་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་ཧཱ་ནེ་སེར་གྲོང་རྡལ་ཉེ་འདབས་སུ་ཉིན་དེར་ས་འོག་འགད་རྫས་འགས་གཏོར་བྱུང་བའི་དོན་རྐྱེན་ཞིག་བྱུང་སྟེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། ས་འོག་འགད་རྫས་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་སྔོན་ཆད་སྦས་པ་རེད། ས་དེའི་སྡེ་མི་མང་བོས་ཉིན་དེར་ཤ་མོ་འཐུ་སྐབས་ས་འོག་འགད་རྫས་ལ་འཕྲད་ནས་འགས་གཏོར་བྱུང་བ་དང་། དོན་རྐྱེན་དེ་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་ཕོག རྨས་མ་དེ་སྨན་ཁང་དུ་བསྐྱལ་ནས་གཙོ་བཅོས་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།