ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་སི་རི་ཡཱ་ཡིས་ཨ་མེ་རི་ཁས་སི་རི་ཡཱའི་ཡུལ་གྱར་བའི་རྒུད་སྐྱོབ་འགུལ་སྐྱོད་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་ཕ་ཡུལ་དུ་ལོག་པའི་སྡེ་ཁག་བརྒལ་བའི་མཐུན་སྦྱོར་བཀོད་འདོམ་པུའུ་ཡིས་ཚེས་དྲུག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་སི་རི་ཡཱ་དང་ཅོར་ཏན་གྱི་མཐའ་མཚམས་ས་ཁུལ་གྱི་ལུའུ་ཁི་པན་ཀན་ཡུལ་གྱར་བའི་སྒར་སའི་སི་རི་ཡཱའི་ཡུལ་གྱར་བའི་རྒུད་སྐྱོབ་འགུལ་སྐྱོད་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས། 

ལུའུ་ཁི་པན་ཀན་ཡུལ་གྱར་བའི་སྒར་ས་དེ་སི་རི་ཡཱའི་ཤར་ལྷོའི་ཕྱོགས་ཀྱི་སི་རི་ཡཱ་དང་ཅོར་ཏན་གྱི་མཐའ་མཚམས་ས་ཁུལ་དུ་གནས། ཨ་མེ་རི་ཁའི་དམག་དཔུང་གིས་དེའི་ཉེ་འདབས་ཀྱི་ཐན་ཧྥུའུ་ས་ཁུལ་དུ་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་སྦྱོང་བརྡར་བྱེད་སའི་རྟེན་གཞི་བཙུགས་ཡོད་པ་དང་། མིག་སྔར་ཡུལ་གྱར་བའི་སྒར་ས་དེར་སི་རི་ཡཱའི་ཡུལ་གྱར་བ་ཁྲི་ལྔ་ཙམ་དང་ལེན་བྱས་ཡོད་པ་རེད། 

མཉམ་འབྲེལ་གསལ་སྒྲོག་ནང་བཤད་རྒྱུར། ཐན་ཧྥུའུ་ས་ཁུལ་གྱི་ཨ་མེ་རི་ཁའི་དམག་དཔུང་གིས་རྒུད་སྐྱོབ་རླངས་འཁོར་རུ་ཁག་དེ་བཀག་རྒྱ་མེད་པའི་སྒོ་ནས་ས་ཁོངས་དེར་འགྲོ་བར་འགན་སྲུང་ཅི་ཡང་བྱས་མེད་པས། དོན་དངོས་སུ་ལུའུ་ཁི་པན་ཀན་ཡུལ་གྱར་བའི་སྒར་སའི་སི་རི་ཡཱའི་ཡུལ་གྱར་བའི་རྒུད་སྐྱོབ་འགུལ་སྐྱོད་གཏོར་བརླག་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།