ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ཐུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་ལོག་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བརྒྱད་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རྒྱལ་ནང་དུ་ལོག་པར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན། 

ལེ་པཱ་ནུན་གྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨོ་ཨིན་གྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ལེ་པཱ་ནུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རྒྱལ་ནང་དུ་ལོག་པའི་གནད་དོན་ཐད་ནས་མཐུན་སྦྱོར་དང་མཉ་ལས་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རྒྱལ་ནང་དུ་ལོག་པར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན། ལེ་པཱ་ནུན་གྱིས་སི་རི་ཡཱའི་དབང་འཛིན་ལས་ཁུངས་བར་མཉམ་ལས་བྱས་ཏེ། སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རྒྱལ་ནང་དུ་ལོག་པར་མཐུན་སྦྱོར་རྩ་འཛུགས་བྱེད་བཞིན་ཡོད་ཟེར། 

ཀི་ལན་ཏིས་ཀྱིས་དེའི་སྔོན་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་དང་། ཡུལ་གྱར་བ་ཕྱིར་རྒྱལ་ནང་དུ་ལོག་པའི་གནད་དོན་ལ་མཐུན་སྦྱོར་བྱེད་པའི་ཐད་ནས་སི་རི་ཡཱའི་དཔོན་རིགས་མང་བོའི་བར་གྲོས་མོལ་བྱས་མྱོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།