ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་རྒྱལ་དམངས་གྲོས་ཁང་གིས་རྒྱལ་ཁབ་ཀྱི་བྲེལ་མྱུར་རྣམ་པའི་ཡུན་ཚད་ཟླ་ངོ་དྲུག་གིས་ཇེ་ཐུང་དུ་གཏང་རྒྱུ་ཐག་བཅད།

    སྤེལ་དུས། : 2019-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་རྒྱལ་དམངས་གྲོས་ཁང་གིས་ཚེས་བཅུ་གཅིག་ཉིན་ཙུང་ཐུང་པཱ་ཞེ་ཨར་གྱི་ཟླ་སྔོན་མར་སུའུ་ཏན་རྒྱལ་ཁབ་བྲེལ་མྱུར་རྣམ་པར་གནས་ཁྱབ་སྒྲོག་བྱས་པའི་ཆོད་དོན་ལ་གྲོས་འཆམ་བྱུང་ཡང་། རྒྱལ་ཁབ་ཀྱི་བྲེལ་མྱུར་རྣམ་པའི་ཡུན་ཚད་དེ་ལོ་གཅིག་ནས་ཟླ་ངོ་དྲུག་ཏུ་ཇེ་ཐུང་ལ་བཏང་ཡོད། 

སུའུ་ཏན་མི་དམངས་གྲོས་ཁང་གི་མགྲིན་ཚབ་པ་ཨོ་མཱ་ཨར་གྱིས་ཉིན་དེར་གྲོས་ཁང་གིས་བརྡས་ཐག་བཅད་རྗེས་བཤད་རྒྱུར། གྲོས་ཁང་གི་ཁོངས་མི་མང་ཆེ་བས་སུའུ་ཏན་བྲེལ་མྱུར་རྣམ་པར་གནས་པའི་ཆོད་དོན་ལ་རྒྱབ་སྐྱོར་བྱས་པ་དང་། དེའི་ཞོར་དུ་བྲེལ་མྱུར་རྣམ་པའི་ཡུན་ཚད་དེ་ལོ་གཅིག་ནས་ཟླ་ངོ་དྲུག་ཏུ་ཇེ་ཐུང་ལ་གཏོང་རྒྱུ་ཐག་བཅད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།