ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་མཁའ་དམག་གིས་བར་སྣང་འཇབ་རྒོལ་བྱས་ཏེ་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་དམག་དཔུང་གི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་སོ་མཱ་ལིའི་ཤར་ལྷོའི་ཕྱོགས་ཀྱི་ཞེ་པེ་ལེ་ཀྲིག་ཞོལ་མའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བརྒྱད་རྐྱེན་ལམ་དུ་ཤོར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་ལ་ན་གཞོན་ཏང་ཞེས་པའི་དྲག་ཆས་པའི་འཇབ་རྒོལ་ཐེབས་པའི་གནས་ཚུལ་འོག་སྤེལ་བའི་འགུལ་སྐྱོད་ཅིག་ཡིན་པ་དང་། མི་སེར་དཀྱུས་མར་བར་སྣང་འཇབ་རྒོལ་ཁྲོད་ཤི་རྨས་ཐེབས་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།