ཀྲུང་གོ་བོད་ཀྱི་དྲ་བ།

པ་ཞིའི་ཧྲིན་པའོ་ལོ་ཀྲིག་སུའུ་ཀྲ་ནོའུ་གྲོང་ཁྱེར་གྱི་ལའོ་ཨར་པུའུ་ལཱ་ཞི་ཨར་སློབ་འབྲིང་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། དེ་ལས་མེ་མདས་བརྒྱག་མཁན་དང་བཅས་པའི་མི་བཅུ་རྐྱེན་ལམ་དུ་ཤོར

    སྤེལ་དུས། : 2019-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2019031409382188PY.jpg

ཟླ3པའི་ཚེས13ཉིན། ཉེན་རྟོག་པ་དང་མང་ཚོགས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སའི་སློབ་གྲྭའི་ཕྱི་རོལ་དུ་འདུས་ཡོད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྲིན་པའོ་ལོ་ཀྲིག་སུའུ་ཀྲ་ནོའུ་གྲོང་ཁྱེར་གྱི་ལའོ་ཨར་པུའུ་ལཱ་ཞི་ཨར་སློབ་འབྲིང་དུ་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། དེ་ལས་མེ་མདས་བརྒྱག་མཁན་དང་བཅས་པའི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་བདུན་ལ་རྨས་ཕོག་ཡོད་ཟེར། 

དོན་རྐྱེན་དེ་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་བྱུང་བ་དང་། མེ་མདས་བརྒྱག་མཁན་ནི་ན་གཞོན་གཉིས་ཡིན་ལ། ཁོ་གཉིས་ཀྱིས་སློབ་གྲྭའི་དགེ་སློབ་ལ་མེ་མདས་བརྒྱབ་རྗེས་རང་སྲོག་བཅད། འདས་པོའི་གྲས་སུ་ཉུང་མཐར་ཡང་མི་ལྔ་སློབ་གྲྭ་དེའི་སློབ་མ་རེད།

གནས་ཚུལ་སྒྲོག་པའི་འགན་ཁུར་བའི་པཱ་ཞིའི་དམག་ཕྱོགས་ཀྱི་མི་སྣ་ཞི་པེ་ལའེ་ཡིས་བཤད་རྒྱུར། སློབ་གྲྭའི་མེ་མདས་བརྒྱབ་པའི་དོན་རྐྱེན་མ་བྱུང་གོང་། སློབ་གྲྭ་དེའི་ཉེ་འདབས་སུ་མེ་མདས་བརྒྱབ་པའི་དོན་རྐྱེན་གཞན་ཞིག་བྱུང་བ་དང་། དོན་རྐྱེན་དེ་གཉིས་འབྲེལ་བ་ཡོད་མིན་གསལ་བོར་མི་ཤེས། 

ཉེན་རྟོག་པ་དང་མེ་གསོད་རུ་ཁག རྒུད་སྐྱོབ་མི་སྣ་བཅས་ཡུལ་དངོས་སུ་འབྱོར་ནས་སློབ་གྲྭར་བཀག་སྡོམ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།