ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁས་མུ་མཐུད་དུ་ཁྲའོ་ཞན་དང་མཉམ་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་བཅོ་ལྔ་ཉིན་ཝ་ཧྲིན་ཐོན་ནས་བཤད་རྒྱུར། ཨ་མེ་རི་ཁས་མུ་མཐུད་དུ་ཁྲའོ་ཞན་དང་མཉམ་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གནད་དོན་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་ཟེར། 

ཕིན་ཕའེ་ཨོ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ་བཏོན་པའི་གྲོས་གཞིར་ཨ་མེ་རི་ཁ་ཕྱོགས་ཡིད་ཚིམས་པར་བྱེད་མ་ཐུབ་ཀྱང་། ཨ་མེ་རི་ཁས་ཁྲའོ་ཞན་གྱིས་དེ་སྔོན་གྱི་དམ་བཅའ་བརྩི་སྲུང་བྱས་ཏེ་ཉི་རྡུལ་འཕུར་མདའ་ཡང་བསྐྱར་ཚོད་ལྟ་མི་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

ཕིན་ཕའེ་ཨོ་ཡིས་ཚོས་ཧྲན་ཅི་ཡི་རྣམ་འགྱུར་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། ཁོ་མོའི་གཏམ་བཤད་དེས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱིས་མུ་མཐུད་དུ་གྲོས་མོལ་བྱེད་པར་རེ་བ་ལྡན་པར་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁ་དང་ཁྲའོ་ཞན་བར་དེའི་སྔོན་ཁ་རྩོད་བྱུང་མྱོང་ཡང་། ཕྱོགས་གཉིས་ཀྱིས་རྗེས་ཕྱོགས་མུ་མཐུད་དུ་འབྲེལ་ཡོད་གནད་དོན་ལ་གྲོས་མོལ་བྱེད་ཐུབ་ཟེར། 

དེའི་སྔོན་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ཕོ་བྲང་དཀར་པོ་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཚོས་ཧྲན་ཅི་ཡིས་ཨ་མེ་རི་ཁར་སྐྱོན་བརྗོད་བྱེད་པའི་གཏམ་གླེང་དེ་ཡང་དག་མིན་པ་དང་། ཁོས་དོན་དེའི་ཐད་ནས་ཧན་གོའི་དཔོན་རིགས་བར་འབྲེལ་འདྲིས་བྱས་ཡོད་ཟེར། 


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།