ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་གྱི་རྩིས་འཁོར་ལད་བཟོའི་དམག་དོན་སྦྱོང་བརྡར་དེ་ཀི་ལུའུ་ཅི་ཡཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཉིས་སྟོང་བཅུ་དགུ་ལོའི་ཀི་ལུའུ་ཅི་ཡཱ་དང་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་རྒྱལ་ས་ཏིས་པུས་ལེ་སི་ལྷོ་ངོས་ཀྱི་ཁི་ཨར་ཁྲ་ནེ་ཞི་མཉམ་འབྲེལ་སྦྱོང་བརྡར་དང་དཔྱད་འཇོག་ལྟེ་གནས་ནས་སྤེལ་མགོ་བརྩམས་ཟེར། 

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་གསལ་སྒྲོག་ནང་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་རྒྱལ་ཁབ་མང་བོ་ཞུགས་ཡོད་པ་དང་། དམག་སྤྱི་ཁང་གི་རྩིས་འཁོར་ལད་བཟོའི་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། དེ་ནི་ཀི་ལུའུ་ཅི་ཡཱ་ཡིས་ཐོག་དང་པོར་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་དག་དང་མཉམ་དུ་སྤེལ་བའི་རིགས་དེ་འདྲའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཞིག་རེད། ཀི་ལུའུ་ཅི་ཡཱའི་ཁི་ཨར་ཁྲ་ནེ་ཞི་མཉམ་འབྲེལ་སྦྱོང་བརྡར་དང་དཔྱད་འཇོག་ལྟེ་གནས་དེ་བཀོད་འདོམ་པུའུ་ཡི་ཚུལ་དུ་དམག་དོན་སྦྱོང་བརྡར་ལ་བཀོད་འདོམ་བྱེད་རྒྱུ་རེད། ཀི་ལུའུ་ཅི་ཡཱའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་མི་སྣ་མངག་ནས་བཀོད་འདོམ་ལ་ཞུགས་རྒྱུ་རེད། བསྡོམས་པས་ཨ་མེ་རི་ཁ་དང་དབྱིན་ཇི། འཇར་མན་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་གཅིག་དང་། ཨ་སེ་པེད་ཅང་། སུའེ་ཏེན། ཀི་ལུའུ་ཅི་ཡཱ་བཅས་ཀྱི་དམག་དོན་མི་སྣ་སུམ་བརྒྱ་ལྷག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། 

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ཀི་ལུའུ་ཅི་ཡཱ་དང་བྱང་ཆིངས་རྩ་འཛུགས། དེ་མིན་གྲོགས་པོའི་རྒྱལ་ཁབ་གཞན་པའི་བར་གྱི་དམག་དཔུང་གི་བཀོད་འདོམ་དང་ཚོད་འཛིན་ཐད་ཀྱི་མཐུན་སྦྱོར་ནུས་པ་དང་། ཉེན་ཁ་སྣ་ཚོགས་ལ་དཔྱད་ཞིབ་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་ལ། དམག་དོན་སྦྱོང་བརྡར་དེ་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་བར་སྤེལ་རྒྱུ་ཡི་ཟེར། 

བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་བརྩོན་ལེན་བྱེད་ཆེད། ཀི་ལུའུ་ཅི་ཡཱ་ཡིས་ཉེ་བའི་ལོ་འགའི་རིང་ལ་རྒྱུན་ཆད་མེད་པར་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱས། ཕྱོགས་གཉིས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་ཀི་ལུའུ་ཅི་ཡཱའི་མངའ་ཁོངས་སུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐེངས་མང་སྤེལ་མྱོང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།