ཀྲུང་གོ་བོད་ཀྱི་དྲ་བ།

ནེའུ་ཙེ་ལན་གྱི་ཙུང་ལི་ཡིས་མེ་མདའ་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེའུ་ཙེ་ལན་གྱི་ཙུང་ལི་ཨ་ཏི་ཨིན་གྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། དམག་བཀོལ་གྱི་མེ་མདའ་ཕྱིར་འཚོང་དང་བེད་སྤྱོད་བྱེད་པར་གཏན་འགོག་བྱེད་རྒྱུ་ཡིན་ཟེར། 

ཨ་ཏི་ཨིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། ཁི་ལེ་སི་ཐི་ཆེ་ཆི་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་ནས་དུས་ཚོད་དོན་གཉིས་ཀྱི་རྗེས་སུ། ནེ་ཀི་ཡིས་མེ་མདའི་བཅའ་ཁྲིམས་ལ་རྩ་བ་ནས་བཟོ་བཅོས་བྱེད་པར་ཡིད་འཐད་བྱུང་། འཇབ་རྒོལ་དོན་རྐྱེན་དེ་བྱུང་ནས་ཉིན་དྲུག་གི་རྗེས་སུ། ང་ཚོས་ནེའུ་ཙེ་ལན་གྱིས་དམག་བཀོལ་མེ་མདའ་གཏན་འགོག་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་ཡིན་ཟེར། 

ཨ་ཏི་ཨིན་གྱིས་བཤད་རྒྱུར། གྲོས་ཚོགས་ནས་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་མེ་མདའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་འབྱུང་བའི་རེ་བ་ཡོད་ལ། དེའི་རྗེས་སུ་མེ་མདའ་ཕྱིར་བསྡུའི་ཇུས་གཞི་གཏན་འཁེལ་བྱས་ཏེ་ཁྲིམས་འགལ་མེ་མདའ་ཕྱིར་སྤྲད་པའི་སྡོད་དམངས་ལ་ལུགས་མཐུན་གྱི་ཁ་གསབ་སྟེར་རྒྱུ་ཡིན་ལ། མཇུག་མཐར་ཕྱིར་བསྡུས་པའི་མེ་མདའ་དེ་དག་མེད་པར་བཟོ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།