ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱ་ནས་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་བདེ་འཇགས་སྡེ་ཁག་གིས་ཚེས་དྲུག་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་ཀྲིག་གི་དམངས་དམག་རྩ་འཛུགས་ཤིག་གིས་ཉེ་སྔོན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། འཁྲུག་རྩོད་དོན་རྐྱེན་དེ་ཚེས་གཉིས་ཉིན་བྱུང་བ་དང་། ཉིན་དེར་ཀྲ་མུའུ་ཧྥ་ལཱ་ཀྲིག་ཁའོ་ལཱ་ནཱ་མའོ་ཏཱ་ས་ཁུལ་གྱི་དམངས་དམག་རྩ་འཛུགས་ལ་དྲག་ཆས་ཉེས་ཅན་སྐོར་ཞིག་ཉེ་འདབས་ཀྱི་ནགས་ཚལ་དུ་འདུས་ཡོད་པའི་གནས་ཚུལ་འབྱོར་རྗེས། དམངས་དམག་རྩ་འཛུགས་ཀྱིས་ས་དེའི་མང་ཚོགས་རྩ་འཛུགས་བྱས་ནས་སྐོར་བཅོམ་བྱེད་དུ་སོང་བ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཡོད་ལ། དེའི་ནང་དམངས་དམག་རྩ་འཛུགས་ཀྱི་ཁོངས་མིའང་འདུས་ཡོད་ཟེར།

ཀྲ་མུའུ་ཧྥ་ལཱ་ཀྲིག་གི་གྲོས་དཔོན་ལི་ཅི་ཅི་ཡིས་དམངས་དམག་རྩ་འཛུགས་ཀྱིས་བདེ་འཇགས་སྡེ་ཁག་ལ་རོགས་འདེགས་བྱེད་ཆེད། རང་འགུལ་གྱིས་རིགས་དེ་མཚུངས་ཀྱི་སྐོར་བཅོམ་འགུལ་སྐྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་།


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།