ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡཱའི་ཞིབ་བསྡུར་ཚོགས་འདུའི་སྟེང་བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་གྱི་ལོ་དྲུག་གི་གྲུབ་འབྲས་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བརྗོད་སྙིང་ནི་བརྒྱུད་གཅིག་ལམ་གཅིག་གི་འདོད་བློའི་ལོ་དྲུག་གི་འཕེལ་རྒྱས་བརྒྱུད་རིམ་ཞེས་པའི་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་ཚེས་བཅོ་ལྔ་ཉིན་སེར་ཝེ་ཡཱའི་རྒྱལ་ས་པེ་ཨར་ཀི་ལའེ་ཏི་ནས་སྤེལ། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དག་གིས་དེའི་གྲུབ་འབྲས་དང་མདུན་དུ་ལྷགས་པའི་དཀའ་ཁག དེ་མིན་ཀྲུང་གོ་དང་པཱ་ཨར་ཀན་རྒྱལ་ཁབ་བར་གྱི་མཉམ་ལས་སོགས་གྲོས་གཞིར་གྲོས་བསྡུར་བྱས། 

སེར་ཝེ་ཡཱའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཞིབ་འཇུག་ཁང་གི་མགོ་བ་ཆའོ་ཨར་ཅེ་ཝེ་ཆི་ཡིས་ཞིབ་བསྡུར་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ། ཡུལ་བབ་སོགས་རྒྱུ་རྐྱེན་དབང་གིས་སེར་ཝེ་ཡཱ་རུ་དུས་ཡུན་རིང་བོར་དཔལ་འབྱོར་དཀའ་ཁག་བྱུང་བ་དང་། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ཀྲུང་གོས་བཏོན་པའི་བརྒྱུད་གཅིག་ལམ་གཅིག་གི་འདོད་བློ་དེས་སེར་ཝེ་ཡཱ་ལ་ཕན་ཐོགས་པར་མ་ཟད། པཱ་ཨར་ཀན་ས་ཁུལ་གྱི་རྒྱལ་ཁབ་དག་གི་མཉམ་ལས་ལ་སྐུལ་འདེད་བཏང་ཡོད་ཟེར། 

ཐེངས་འདིའི་ཞིབ་བསྡུར་ཚོགས་འདུ་དེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཡོ་རོབ་གླིང་ཞིབ་འཇུག་ཁང་དང་སེར་ཝེ་ཡཱའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཞིབ་འཇུག་ཁང་གིས་མཉམ་འབྲེལ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཀྲུང་གོ་དང་སེར་ཝེ་ཡཱའི་རིག་མཛོད་དང་མཐོ་རིམ་སློབ་གྲྭ་ནས་ཡོང་བའི་ཆེད་མཁས་པ་ཉི་ཤུ་ཙམ་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།