ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དང་ཨ་མེ་རི་ཁས་མཉམ་ལས་བྱས་ཏེ་རང་བྱུང་སོལ་རླངས་ཀྱི་གློག་འདོན་འཕྲུལ་ཆས་མ་ལག་གཉིས་འཛུགས་སྐྲུན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གློག་ཤུགས་ཀུང་ཟི་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཀུང་ཟི་དེ་ཡིས་ཨ་མེ་རི་ཁའི་ཐུང་ཡུང་གློག་ཆས་ཀུང་ཟིའི་བར་གྲོས་མཐུན་ཞིག་བཀོད་དེ། དབྱི་སི་རལ་བྱང་ཕྱོགས་ས་ཁུལ་ནས་མཉམ་འབྲེལ་གྱིས་རང་བྱུང་སོལ་རླངས་ཀྱི་གློག་འདོན་འཕྲུལ་ཆས་མ་ལག་གཉིས་འཛུགས་སྐྲུན་བྱེད་རྩིས་ཡོད་ཟེར། 

ཀུང་ཟི་དེས་བསྟན་དོན། རང་བྱུང་སོལ་རླངས་ཀྱི་གློག་འདོན་འཕྲུལ་ཆས་མ་ལག་དེ་གཉིས་དབྱི་སི་རལ་བྱང་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཧཱ་ཏི་ལཱ་ཉེ་འདབས་ཀྱི་ཨོ་ལོ་ཐི་ལཱ་པེན་གློག་འདོན་ས་ཚིགས་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། རང་བྱུང་སོལ་རླངས་ཀྱི་གློག་འདོན་འཕྲུལ་ཆས་མ་ལག་གཅིག་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པ་ནས་བཟུང་ཐོན་སྐྱེད་ཐད་བཀོལ་རྩིས་ཡོད་པ་དང་། གློག་འདོན་འཕྲུལ་ཆས་མ་ལག་གཉིས་པ་དེ་ཚོད་དཔག་བྱས་ན་ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་ཏུ་བེད་སྤྱོད་བྱེད་རྒྱུ་ཡིན་ཟེར། 

དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཧྲི་ཐེ་ནེ་ཚི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། རང་བྱུང་སོལ་རླངས་ཀྱི་གློག་འདོན་འཕྲུལ་ཆས་མ་ལག་གསར་བ་འཛུགས་སྐྲུན་བྱས་ཏེ་གློག་འདོན་ས་ཚིགས་དེའི་སྔར་ཡོད་ཀྱི་རྡོ་སོལ་གྱི་འཕྲུལ་ཆས་མ་ལག་གི་ཚབ་བྱེད་རྒྱུ་ཡིན་ལ། དེ་ནི་དབྱི་སི་རལ་རྡོ་སོལ་གྱི་སྦགས་བཙོག་ལས་ཐར་བ་དང་རྒྱལ་ཡོངས་ཀྱི་མཁའ་དབུགས་སྦགས་བཙོག་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར། 

ཨ་མེ་རི་ཁའི་ཐུང་ཡུང་གློག་ཆས་ཀུང་ཟིའི་སོལ་རླངས་གློག་འདོན་སྡེ་ཁག་གི་འགན་ཁུར་བས་བཤད་རྒྱུར། ཐེངས་འདིའི་མཉམ་ལས་ལས་དབྱི་སི་རལ་གྱི་ཨོ་ལོ་ཐི་ལཱ་པེན་གློག་འདོན་ས་ཚིགས་ཀྱི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་ཐུབ་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།