ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་གློ་བུར་དུ་ཁྲའོ་ཞན་མི་དམངས་དམག་དཔུང་ལ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190418085722FsKO.jpg

ཟླ4བའི་ཚེས17ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཨིན་ཀྲིན་ཨིན་གྱིས་ཚེས་བཅུ་དྲུག་ཉིན་མི་དམངས་དམག་དཔུང་གི་འཕུར་སྐྱོད་སྦྱོང་བརྡར་ལ་མཛུབ་སྟོན་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་དྲུག་ཉིན་གློ་བུར་དུ་ཁྲའོ་ཞན་མི་དམངས་དམག་དཔུང་གི་མཁའ་འགྲུལ་དང་མཁའ་སྲུང་དམག་དཔུང་ལ་རྟོག་ཞིབ་བྱས་ཏེ། དམག་དཔུང་གི་འཕུར་སྐྱོད་པའི་འཕུར་སྐྱོད་སྦྱོང་བརྡར་ལ་མཛུབ་སྟོན་བྱས།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཉིན་དེར་གློ་བུར་དུ་མཁའ་འགྲུལ་དང་མཁའ་སྲུང་དམག་དཔུང་གི་རུ་དཔུང་གཅིག་ཐིག་གཅིག་བདུན་ལ་རྟོག་ཞིབ་བྱས་པ་དང་། ཁོས་ནན་གྱིས་བསྟན་དོན། མཁའ་འགྲུལ་དང་མཁའ་སྲུང་དམག་དཔུང་གི་འཐབ་འཁྲུག་ལ་སྔོན་བརྡ་མེད་པས། དུས་ངེས་མེད་དུ་དམག་དཔུང་གི་ཉིན་རྒྱུན་གྱི་འཐབ་འཛིང་སྐུལ་སློང་རྣམ་པར་གློ་བུར་དུ་རྟོག་ཞིབ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་འཐབ་འཛིང་རེས་སྐོར་བྱེད་པའི་ཐོལ་རྒོལ་གནམ་གྲུས་འཕུར་འབབ་དང་བར་སྣང་ནས་དཀའ་ཁག་ཆེ་བའི་འཕུར་རྩལ་མངོན་དགོས་པའི་རེ་བ་བཏོན། འཕུར་རྩལ་སྦྱོང་བརྡར་ལ་བལྟས་རྗེས་ཁོས་འཕུར་སྐྱོད་པ་དག་གིས་དུས་ངེས་མེད་དུ་གྲ་སྒྲིག་གང་ལེགས་བྱས་ཡོད་པར་ཡིད་ཚིམས་པའི་ཚུལ་བསྟན། རྒྱལ་སའི་མཁའ་སྲུང་ལས་འགན་ཡོངས་འགྲུབ་གང་ལེགས་བྱེད་ཐུབ་པའི་འཕུར་སྐྱོད་པ་དག་མཐོང་ན་སེམས་ཧ་ཅང་བདེ་མོ་བྱུང་ཡོད་ཟེར།

གཞན་ཡང་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་དྲུག་ཉིན་ད་རུང་ཞིན་ཁྲང་ཉ་གསོ་ར་བར་རྟོག་ཞིབ་བྱས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།