ཀྲུང་གོ་བོད་ཀྱི་དྲ་བ།

ཨན་ཀི་ལཱའི་ཙུང་ཐུང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཨན་ཀི་ལཱ་ལ་རྒྱབ་སྐྱོར་བྱས་པར་གདེང་འཇོག་ཚད་མཐོན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨན་ཀི་ལཱའི་ཙུང་ཐུང་ལོ་ལོན་སོ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨན་ཀི་ལཱ་ཡིས་ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཨན་ཀི་ལཱའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་གང་ལེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། དེར་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད་ཟེར། 

ལོ་ལོན་སོ་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་ཨན་ཀི་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། 

ལོ་ལོན་སོ་ཡིས་བཤད་རྒྱུར། ཨན་ཀི་ལཱ་སྲིད་གཞུང་གི་སྡེ་ཁག་སོ་སོས་ཨན་ཀི་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བར་འབྲེལ་འདྲིས་རོགས་ལས་ཟབ་མོ་བྱས་ཤིང་། མཉམ་དུ་ཨན་ཀི་ལཱ་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།