ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཧྲ་ནཱ་ཧན་གྱིས་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བར་མིང་འདོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཆེན་མོ་སིང་ཏི་སི་ཡིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ད་ལོའི་ཟླ་དང་པོ་ནས་བཟུང་རྒྱལ་སྲུང་པུའུ་ཀྲང་ཚབ་མའི་འགན་ཁུར་བའི་ཧྲ་ནཱ་ཧན་གྱིས་དངོས་སུ་ཟུར་ལྔའི་ཐོག་ཁང་ཆེན་མོར་བདག་དམ་བྱེད་པར་མིང་འདོན་བྱེད་རྒྱུ་རེད་ཟེར། 

སིང་ཏི་སི་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཧྲ་ནཱ་ཧན་གྱིས་འདས་པའི་ཟླ་ངོ་འགའི་ནང་རྒྱལ་སྲུང་བློན་ཆེན་ཚབ་མའི་འགན་ཁུར་བ་ལས་འཇོན་ནུས་ཁྱད་དུ་འཕགས་པ་དང་། ཁོས་རྒྱལ་སྲུང་པུའུ་ལ་མགོ་ཁྲིད་བྱེད་པའི་ནུས་པ་ཡོད་པ་བདེན་དཔང་ཐོབ་ཡོད་པས། ཐི་ལིང་ཕུའུ་ཡིས་ཧྲ་ནཱ་ཧན་དངོས་སུ་རྒྱལ་སྲུང་བློན་ཆེན་དུ་མིང་འདོན་བྱེད་རྩིས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།