ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་བཀའ་རྒྱ་བཀོད་དེ་གྲོས་ཁང་གཏོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་གཅིག་ཉིན་བཀའ་རྒྱ་བཀོད་དེ་གྲོས་ཁང་གཏོར་བ་དང་། ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་སྔ་སྣུར་གྱིས་སྐབས་གསར་བའི་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་གཏན་འཁེལ་བྱས། 

བཀའ་རྒྱ་ལྟར་ན། གྲོས་ཁང་གཏོར་བ་ནི་སྲིད་འཛིན་མནའ་འབྲེལ་མེད་པར་གྱུར་བ་ཡིན་ཟེར། བཀའ་རྒྱ་ལས་ད་རུང་སྲིད་གཞུང་གིས་འདེམ་བསྐོ་ལ་མཁོ་བའི་མ་དངུལ་དུས་ལྟར་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན། ཉིན་དེའི་སྔ་དྲོར་ཙེ་ལེན་སི་ཅི་ཡིས་ཝུའུ་ཁི་ལན་གྲོས་ཁང་གི་མགོ་ཁྲིད་པ་དང་གྲོས་ཁང་གི་ཏང་ཁག་སོ་སོའི་འཐུས་མིའི་བར་གྲོས་མོལ་བྱས། ཙེ་ལེན་སི་ཅི་ཡིས་བསྟན་དོན། གྲོས་ཁང་གཏོར་དགོས་པ་དང་། རྒྱུ་མཚན་ནི་གྲོས་ཁང་དེར་ཐོབ་པའི་མི་དམངས་ཀྱི་ཡིད་ཆེས་ཀྱི་ཚད་ཧ་ཅང་དམའ་བས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།