ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས22ཉིན། ཨེ་ཅིབ་ནང་སྲིད་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་ཞི་ནེ་ཕྱེད་གླིང་བྱང་ངོས་ཀྱི་ཨ་ལི་ཧྲི་ས་ཁུལ་དུ་འཇིགས་སྐུལ་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་གཉིས་གཏོར་བ་དང་། འཇིགས་སྐུལ་ཉེས་ཅན་བཅུ་དྲུག་བསད་པར་མ་ཟད། མཚོན་ཆ་དང་འགད་རྫས་མང་བོ་གཞུང་བཞེས་བྱས། དབྱེ་ཞིབ་མི་སྣས་བལྟས་ན། ཨེ་ཅིབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་བ་ནི་དེའི་སྔོན་གཏོར་གཟུགས་མཆོད་རྟེན་ཉེ་འདབས་ཀྱི་གནས་སྐོར་བའི་འགྲུལ་སྐྱེལ་རླངས་འཁོར་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་གྱི་རྒོལ་ལན་ཡིན་པ་དང་། འཇིགས་སྐུལ་ཉེས་ཅན་ལ་འཇིགས་དངངས་བཟོ་བའི་ཆེད་ཡིན་ལ། སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་མངོན་པར་བྱས་ཡོད་པར་འདོད། 

ཐེངས་འདིའི་ཨེ་ཅིབ་ཀྱི་བདེ་འཇགས་དམག་དཔུང་གིས་ཞི་ནེ་ཕྱེད་གླིང་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བ་ལས་ཨེ་ཅིབ་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བཞིན་པ་མཚོན་ཡོད། ཨེ་ཅིབ་ནང་སྲིད་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་སྡེ་ཁག་གིས་གནས་གཉིས་ལ་ལྟ་རྟོག་ཞིབ་བྱེད་བཞིན་ཡོད་ཅིང་། གནས་དེ་སྦས་སྐོང་བྱེད་པའི་འཇིགས་སྐུལ་ཉེས་ཅན་གྱིས་ཨ་ལི་ཧྲི་གྲོང་ཁྱེར་གྱི་ས་ཁོངས་མང་བོའི་སྒྲིག་ཆས་གཙོ་བོ་དང་མི་སྣ་གཙོ་བོར་དམིགས་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་རབ་དང་རིམ་པ་སྤེལ་རྩིས་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།