ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ཀུའུ་ཅི་ལཱ་ཐི་པང་དུ་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ནུབ་ཕྱོགས་ཀྱི་ཀུའུ་ཅི་ལཱ་ཐི་པང་གི་ཚོང་ལས་ཐོག་ཁང་ཞིག་ལ་ཚེས་ཉེར་བཞིའི་ཉིན་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་སློབ་མ་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག 

ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཀུའུ་ཅི་ལཱ་ཐི་པང་གི་སུའུ་ལཱ་ཐི་གྲོང་ཁྱེར་གྱི་ཚོང་ལས་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ། ཐོག་ཁང་དེའི་ནང་གི་གསོ་སྦྱོང་ལྟེ་གནས་ཤིག་ཏུ་སློབ་ཁྲིད་ལ་ཞུགས་པའི་སློབ་མ་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་དྲ་ཚིགས་བརྒྱུད་དེ་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས་པར་མ་ཟད། ས་དེའི་སྲིད་གཞུང་གིས་ཤུགས་ཆེན་པོས་རྨས་མར་གསོ་བཅོས་བྱེད་དགོས་པའི་མཛུབ་སྟོན་གནང་། 

ཀུའུ་ཅི་ལཱ་ཐི་པང་གི་དབུ་བཞུགས་པུའུ་ཀྲང་ལུའུ་པའོ་ནེ་ཡིས་རྟོག་ཞིབ་བྱེད་དགོས་པའི་བཀའ་རྒྱ་བཏང་བར་མ་ཟད། འདས་པོའི་ཁྱིམ་ཚང་རེར་རྒྱ་གར་གྱི་སྒོར་མོ་འབུམ་བཞིའི་འཚམས་འདྲིའི་མ་དངུལ་འདོན་སྤྲོད་བྱེད་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།