ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱི་དམག་མིས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་མིས་ཉིན་དེར་མེ་མདས་བརྒྱབ་སྟེ་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད་པར་རྒོལ་གཏམ་བཏང་། 

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་དམག་མིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་པའོ་ལེ་ཧིན་གྲོང་ཁྱེར་ཉེ་འདབས་དང་ཡེ་ལུའུ་སཱ་ལེམ་མཁར་རྙིང་དུ་སོ་སོར་ཕཱ་ལེ་སི་ཐན་གྱི་མི་གཅིག་རེ་བསད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་དབྱི་སི་རལ་གྱིས་བཟོས་པའི་ནག་ཉེས་ཡིན་པ་དང་། དབྱི་སི་རལ་སྲིད་གཞུང་གིས་ངེས་པར་དུ་དེ་ལས་བྱུང་བའི་མཇུག་འབྲས་ཀྱི་འགན་ཡོད་ཚད་ཁུར་དགོས་ཟེར། གསལ་སྒྲོག་ལས་ད་རུང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་དབྱི་སི་རལ་གྱི་ཉེས་སྤྱོད་ལ་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།