ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཉེན་རྟོག་པའི་སྒར་ས་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་དགུ་རྐྱེན་ལམ་དུ་ཤོར།

    སྤེལ་དུས། : 2019-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་འབྲེལ་ཡོད་མི་སྣས་ཟླ་དྲུག་པའི་ཚེས་གཅིག་ཉིན་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྱི་དགོང་མོ་ནས་ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་བར་ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཀི་ལན་ཞིང་ཆེན་གྱི་ཉེན་རྟོག་པའི་སྒར་ས་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉེན་རྟོག་པ་དགུ་རྐྱེན་ལམ་དུ་ཤོར་ཟེར། 

པཱ་ཀི་ལན་ཞིང་ཆེན་གྱི་གྲོས་མི་ཨ་ཐཱ་ཧྲི་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྱི་ནམ་གུང་ནས་བཟུང་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཕུའུ་ལེ་ཧུའུ་མུའུ་ལིའི་ཉེ་འདབས་སུ་ཡོད་པའི་ཉེན་རྟོག་པའི་སྒར་ས་ཞིག་ལ་འཇབ་རྒོལ་བྱས་པ་དང་། འཁྲུག་རྩོད་དེ་ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་བར་རྒྱུན་བསྲིངས་པ་རེད། ཉེན་རྟོག་པ་དགུ་རྐྱེན་ལམ་དུ་ཤོར་བ་ལས་གཞན་ད་རུང་མི་གསུམ་ལ་རྨས་ཕོག་ཡོད་ཟེར། 

ཨ་ཐཱ་ཧྲི་ཡིས་ད་རུང་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་མང་བོར་འཁྲུག་རྩོད་ཁྲོད་ཤི་རྨས་ཐེབས་ཡོད་ཀྱང་། བྱེ་བྲག་གི་ཁ་གྲངས་གསལ་བོར་མི་ཤེས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།