ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་རི་ཡཱའི་བར་བརྒལ་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

    སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུས་ཨར་ལའེ་ཡུན་དང་མོས་མགོ་ཁྲིད་པའི་ཨོ་སི་ཁྲུ་རི་ཡཱའི་བར་བརྒལ་སྲིད་གཞུང་གིས་ཚེས་གསུམ་ཉིན་ཝེ་ཡེ་ནཱའི་ཧའོ་ཧྥུའུ་པའོ་ཕོ་བྲང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། ལོ་རེ་དགུ་ཡིན་པའི་སྔོན་ཆད་ཀྱི་རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་དེ་ཨོ་སི་ཁྲུ་རི་ཡཱའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ལི་ཐོག་མར་གྱུར་བ་དང་། འགན་ཡུན་ནི་ད་ལོའི་ཟླ་དགུ་བའི་འདེམ་བསྐོའི་ཆེན་མོའི་བར་ཡིན་པ་རེད། 

བར་བརྒལ་སྲིད་གཞུང་ལ་བསྡོམས་པས་ཁོངས་མི་བཅུ་གཉིས་ཡོད་པ་དང་། སྐྱེས་པ་དྲུག་དང་བུད་མེད་དྲུག་ཡིན། དེ་ནི་ཨོ་སི་ཁྲུ་རི་ཡཱ་སྤྱི་མཐུན་རྒྱལ་ཁབ་གཉིས་པའི་ལོ་རྒྱུས་སྟེང་ཁོངས་མི་ཆེས་ཉུང་བའི་སྲིད་གཞུང་ཡིན་ལ། བུད་མེད་ཀྱི་བསྡུར་ཚད་ཆེས་མཐོ་བའི་སྲིད་གཞུང་ཞིག་ཀྱང་རེད། 

ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥན་ཏི་པེ་ལོན་གྱིས་བར་བརྒལ་སྲིད་གཞུང་གིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བཤད་རྒྱུར། བར་བརྒལ་སྲིད་གཞུང་གིས་ལས་སླ་མོ་མིན་པའི་གནས་བབ་དེའི་འོག་ལས་འགན་འདི་འདྲའི་ལྗིད་མོ་ཁུར་དུ་བླངས་པ་ལས་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་མཚོན་ཡོད་ལ། བར་བརྒལ་སྲིད་གཞུང་དེ་སྟོབས་དང་ལྡན་ཞིང་གཏན་འཇགས་ཤིག་ཡིན་པར་ཡིད་ཆེས་ཟབ་མོ་ཡོད་ཟེར། 

ཧྥན་ཏི་པེ་ལོན་གྱིས་རྒྱལ་དམངས་དག་སྲིད་འཛིན་པ་ཚང་མར་ཡིད་ཆད་མི་རུང་བའི་འབོད་སྐུལ་བཏང་བར་མ་ཟད། ཁོས་ད་རུང་མང་ཚོགས་དག་གིས་ད་ལོའི་སྟོན་ཁའི་འདེམ་བསྐོའི་ཆེན་མོའི་སྐབས་སུ་འདེམ་ཤོག་འཕེན་པར་ཧུར་ཐག་སྒོས་ཞུགས་དགོས་པའི་རེ་བ་བཏོན། 

པུས་ཨར་ལའེ་ཡུན་གྱིས་བསྟན་དོན། རང་ཉིད་ཀྱི་ལས་འགན་ལྗིད་པ་ཤེས་ཡོད་ལ། ཁེངས་སྐྱུང་གི་བསམ་པས་བྱ་བ་དེ་དང་ལེན་བྱེད་རྒྱུ་ཡིན་ཟེར། ཁོ་མོས་བཤད་རྒྱུར། བརྟན་བརླིང་དང་འཚོ་སྡོད་ལ་འཚམ་པ། བཟོད་སྒོམ་བཅས་ཀྱི་ཨོ་སི་ཁྲུ་རི་ཡཱ་ཞིག་འཛུགས་པ་ནི་སྲིད་གཞུང་བྱ་བའི་དམིགས་འབེན་གཙོ་བོ་ཡིན་ཞིང་། ཁོ་མོས་ཧུར་ཐག་སྒོས་སྤྱི་དམངས་དང་གྲོས་ཁང་གི་ཏང་ཁག་སོ་སོ། སྲིད་གཞུང་གི་དཔོན་རིགས། སྤྱི་དམངས་སྤྱི་ཚོགས། ཆོས་ལུགས་ཚོགས་ཁག་བཅས་ཀྱི་ཡིད་ཆེས་ཐོབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།