ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་དུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཏིས་པེད་ཀྱི་གཞུང་ལམ་ཞིག་ཏུ་བགྲོད་སྐབས་དོན་རྐྱེན་བྱུང་སྟེ། འགྲུལ་བ་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་ལ་རྨས་ཕོག་ཟེར། 

ཏིས་པེད་ཉེན་རྟོག་ཅུའུ་ཡི་གསལ་སྒྲོག་སྤེལ་ཏེ། འགྲིམ་འགྲུལ་དོན་རྐྱེན་དེ་ནི་ཚེས་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཞི་བཅུའི་སྟེང་བྱུང་བ་དང་། སྐབས་ཐོག་དེར་ཨ་མན་གྱི་ཨང་རྟགས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་དེ་ཏིས་པེད་ཀྱི་གཞུང་ལམ་གཙོ་བོ་ཞིག་གི་སྟེང་མཐོ་ཚད་ཚད་འཇལ་བྱེད་སྤྱད་ལ་ཐོ་བརྒྱབ་སྟེ། རླངས་འཁོར་གྱི་ཀླད་ངོས་གཞོགས་པ་རེད་ཟེར། 

ཏིས་པེད་དུ་སྡོད་པའི་རྒྱ་གར་གཞུང་ཚབ་ཁང་གིས་བདེན་དཔང་བྱས་དོན། འགྲུལ་བ་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ནི་ཕ་ཡུལ་རྒྱ་གར་གྱི་མི་ཡིན་པ་རེད། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་རྐྱེན་ལམ་དུ་ཤོར་བའི་འགྲུལ་བ་གཞན་པ་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་བསྒྲགས་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།