ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་བྱང་ཕྱོགས་པང་དུ་ཐལ་དྲགས་པའི་ནམ་ཟླ་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་བྱང་ཕྱོགས་པང་གི་གནོད་འཚེ་དོ་དམ་སྡེ་ཁག་གིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། པང་དེར་ཚེས་དྲུག་ཉིན་བྱེ་རླུང་དང་དྲག་ཆར་གྱི་ཐལ་དྲགས་ནམ་ཟླ་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་བརྒྱད་ལ་རྨས་ཕོག་ཡོད་ཟེར། 

བསྡོམས་རྩིས་བྱས་པ་ལྟར་ན། པང་དེའི་ས་ཁུལ་མི་འདྲ་བར་བྱེ་རླུང་དང་དྲག་ཆར་གྱི་འཇིགས་པ་ཐེབས་པ་དང་། ས་ཁུལ་རེ་འགའི་སྡོང་བོ་རྩ་བ་ནས་ཕྱུངས་པ་དང་རྩིག་པ་རྫོགས་པའི་སྣང་ཚུལ་ཡོད། མེད་ཨིན་པུའུ་ལི་ས་ཁུལ་དུ་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེན་ཡིན་ལ། བསྡོམས་པས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་གཅིག་ལ་རྨས་ཕོག ཨེ་ཏཱ་དང་ཅཱ་སི་ཀིན་ཅེ་ས་ཁུལ་དུ་སོ་སོར་མི་གསུམ་རྐྱེན་ལམ་དུ་ཤོར། མི་ལ་ལ་ཞིག་ནི་སྡོང་བོ་དང་ཁང་བ་ལོག་པ་ལས་རྐྱེན་ལམ་དུ་ཤོར་བ་ཡིན་ལ། མི་རེ་འགའ་ཞིག་ལ་གློག་ཞགས་ཕོག་ནས་རྐྱེན་ལམ་དུ་ཤོར་བ་རེད། 

བྱང་ཕྱོགས་པང་གི་དབུ་བཞུགས་པུའུ་ཀྲང་ཨ་ཏིས་ཏིས་ཡཱ་ནཱ་ཐི་ཡིས་ས་དེའི་དཔོན་རིགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་གང་ཡོད་སྤྱད་དེ་གནོད་ཐེབས་ས་ཁུལ་ལ་རོགས་རམ་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།