ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཞི་ནེ་ཞིང་ཆེན་བྱང་མའི་ཨ་ལི་ཧྲི་གྲོང་ཁྱེར་ནས་ཉིན་གསུམ་གྱི་ཡར་སྔོན་འཇིགས་སྐུལ་འཇབ་རྒོལ་ལ་ཞུགས་པར་དོགས་པ་ཡོད་པའི་དྲག་ཆས་ཉེས་ཅན་བཞི་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་ཉེན་རྟོག་ཕྱོགས་ལ་འབྱོར་བའི་གནས་ཚུལ་ལྟར་ན། དྲག་ཆས་ཉེས་ཅན་སྐོར་ཞིག་ཨ་ལི་ཧྲི་གྲོང་ཁྱེར་བྱང་ངོས་ཀྱི་སྡོད་དམངས་ཐོག་ཁང་ཞིག་ཏུ་སྦས་སྐོང་བྱས་ཡོད་པ་རེད། བདེ་འཇགས་མི་སྣས་དྲག་ཆས་ཉེས་ཅན་གྱི་མཐའ་བསྐོར་རྗེས། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། དྲག་ཆས་ཉེས་ཅན་བཞི་བསད་པ་དང་། བདེ་འཇགས་མི་སྣ་བཞི་ཡིས་དེའི་རྗེས་སུ་རང་འགུལ་མེ་མདའ་གསུམ་དང་འགས་གཏོར་སྒྲིག་ཆས་ཤིག་གཞུང་བཞེས་བྱས། 

ཨ་ལི་ཧྲི་གྲོང་ཁྱེར་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་ཚེས་ལྔ་ཉིན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་བདེ་འཇགས་མི་སྣ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། བདེ་འཇགས་དམག་དཔུང་གི་མི་སྣ་གསུམ་ལ་རྨས་ཕོག་པ་རེད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།