ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁའི་ཐལ་དྲགས་གནོན་ཤུགས་སྟེར་བའི་སྲིད་ཇུས་ལ་ཕམ་ཉེས་འབྱུང་ཁོ་ཐག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལིང་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་གསར་བར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁའི་ཐལ་དྲགས་གནོན་ཤུགས་སྟེར་བའི་སྲིད་ཇུས་ལ་ཕམ་ཉེས་འབྱུང་ཁོ་ཐག་ཡིན་པར་འདོད། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་མེ་རི་ཁས་ཚེས་བདུན་ཉིན་དབྱི་ལིང་གི་པའོ་སི་མཚོ་ཁུགས་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀུང་ཟིར་བཀག་སྡོམ་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་དང་། དཔལ་འབྱོར་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་རེད། བཀག་སྡོམ་དེ་ནི་ཨ་མེ་རི་ཁས་ནམ་རྒྱུན་དབྱི་ལིང་དགྲ་རུ་འཛིན་པའི་སྲིད་ཇུས་ཀྱི་ཁག་ཅིག་ཡིན་པ་དང་། དེ་ལས་ཨ་མེ་རི་ཁས་དེའི་སྔོན་དབྱི་ལིང་བར་གྲོས་མོལ་བྱེད་འདོད་ཡོད་པར་བརྗོད་པ་ནི་ཁ་སྟོང་ནང་གི་ཚིག་སྟོང་ཙམ་ཡིན་ལ། བསམ་པ་རྣམ་དག་གཏན་ནས་མིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་ཐལ་དྲགས་གནོན་ཤུགས་སྟེར་བའི་སྲིད་ཇུས་ལ་ཕམ་ཉེས་འབྱུང་ཁོ་ཐག་ཡིན་པ་དང་། དེའི་སྔོན་གྱི་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཡུན་མང་བོའི་ནང་གི་བྱ་སྤྱོད་ལས་དོན་དེ་བདེན་དཔང་བྱས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁའི་ཕྱོགས་གཅིག་གི་བྱེད་ཐབས་དང་བཙན་ཤེད་སྲིད་ཇུས་ལ་རྒོལ་ལན་སྤྲོད་པའི་འགན་འཁྲི་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།