ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་རིག་གནས་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པ་ཨེ་ཅིབ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་རིག་གནས་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པ་ཚེས་དགུའི་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སྤེལ་བ་དང་། ཨ་མེ་རི་ཁ་དང་རོ་མཱ་ནི་ཡཱ། རྒྱ་གར། ཧན་གོ། མའོ་ཞི་ཁོ། ཨེ་ཅིབ། ཀྲུང་གོ་སོགས་རྒྱལ་ཁབ་དག་གི་མཁས་པ་དྲུག་ཅུ་ལྷག་མཉམ་དུ་འཛོམས་ཏེ། འབྲེལ་ཡོད་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས། 

ཐེངས་འདིའི་གླེང་སྟེགས་ནི་ཨེ་ཅིབ་ཨེ་ཡུན་ཞཱ་མུའུ་སི་སློབ་ཆེན་དང་། ཀྲུང་གོའི་ཧུའུ་པེ་སློབ་ཆེན། ཀྲུང་གོའི་ཀྲུང་ཧྲན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཚོགས་ཡུན་ཉིན་གཉིས་ཡིན་པ་རེད། གྲོས་ཚོགས་ལ་ཞུགས་པའི་མཁས་པ་དག་གིས་ཀུན་སྤྱོད་ཐུན་མོང་ལྟ་བ་དང་མིའི་རིགས་ཀྱི་ཐུན་མོང་རིན་ཐང་འཛུགས་སྐྲུན་ཞེས་པའི་གླེང་སྟེགས་ཀྱི་བརྗོད་སྙིང་དེར་དམིགས་ཏེ། ཀུན་སྤྱོད་ཐུན་མོང་ལྟ་བར་ཆགས་པའི་ངེས་གཏན་མེད་པའི་རང་བཞིན་དང་། ཀུན་སྤྱོད་ཐུན་མོང་ལྟ་བའི་དུས་རབས་བརྗེ་སྤོར་དང་དེའི་རང་འགུལ་རང་བཞིན་གྱི་ཁས་ལེན། དེ་མིན་ཀུན་སྤྱོད་ཐུན་མོང་ལྟ་བ་དང་མཛེས་སྡུག་འཚོ་བ་སོགས་གྲོས་གཞིའི་ཐད་བློ་གྲོས་འདོན་སྤེལ་བྱེད་རྒྱུ་རེད། 

ཨེ་ཅིབ་ཀྱི་ཨེ་ཡུན་ཞཱ་མུའུ་སི་སློབ་ཆེན་གྱི་སློབ་གཙོ་དབྱེ་ཀྲ་ཐི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ད་ལྟའི་འཛམ་གླིང་ལ་ལོ་ངོ་བརྒྱ་ཕྲག་མང་བོའི་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། རྒྱལ་ཁབ་སོ་སོའི་བར་ཕན་ཚུན་འབྲེལ་འདྲིས་དང་གཅིག་ལ་གཅིག་བརྟེན་བྱེད་པ་ནི་ལྡོག་ཐབས་མེད་པའི་དངོས་ཡོད་གནས་ཚུལ་ཡིན། འདི་ལྟ་བུའི་འཛམ་གླིང་སྟེང་རྒྱལ་ཁབ་ཚང་མའི་དར་རྒུད་གཅིག་པ་དང་ལས་དབང་མཚུངས་པ་ཡིན། ཡིན་ཡང་ང་ཚོས་ཀུན་སྤྱོད་གནད་དོན་ཐད་ནས་སྔར་བཞིན་ཐུན་མོང་གི་ལྟ་ཚུལ་འགོད་ཐབས་མི་འདུག ཐུན་མོང་གི་འགྲན་རྩོད་གདོང་གིས་བསུ་ཆེད་དང་། མི་ཚང་མར་སྔར་ལས་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་པའི་ཆེད་དུ། ང་ཚོས་རིག་གནས་དང་དཔལ་ཡོན་གྱིས་དཔལ་འབྱོར་དང་ལག་རྩལ་དང་འདྲ་བའི་ནུས་པ་འདོན་སྤེལ་ཐུབ་པར་རེ་སྒུག་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།