ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་ཡིས་ཝེ་ནེ་ཙུའེ་ལཱ་དང་མཉམ་དུ་ཨ་མེ་རི་ཁའི་བཀག་སྡོམ་ལ་རྒོལ་ལན་སྤྲོད་རྒྱུ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུ་པཱའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས་བརྒྱད་ཉིན་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་ལག་བསྟར་བྱས་པའི་བཀག་སྡོམ་ཐད་ནས་ཁུ་པཱ་དང་ཝེ་ནེ་ཙུའེ་ལཱ་ཡིས་མཐུན་སྒྲིལ་སྲུང་འཛིན་བྱས་ཏེ་མཉམ་དུ་རྒོལ་ལན་སྤྲོད་དགོས་ཟེར། 

ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁུ་པཱ་དང་ཝེ་ནེ་ཙུའེ་ལཱ་ཡིས་མཐུན་སྒྲིལ་གཅིག་གྱུར་དང་ལ་རྒྱ་སྲུང་འཛིན་བྱེད་པའི་སྒོ་ནས་ཨ་མེ་རི་ཁའི་འཇིགས་ཉེན་ཁྱད་བསལ་བྱེད་པ་དང་། དྲང་བདེན་མིན་པའི་བཀག་སྡོམ་བྱེད་ཐབས་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར། 

ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁཱ་ཝེ་ལོས་ཀྱིས་ཚེས་བདུན་ཉིན་གྱི་དགོང་མོར་ཁུ་པཱ་རུ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་པ་མཇུག་སྒྲིལ། ཁུ་པཱ་དང་མ་བྲལ་གོང་ཁཱ་ཝེ་ལོས་ཀྱིས་གནམ་གྲུ་ཐང་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཝེ་ནེ་ཙུའེ་ལཱ་དང་ཁུ་པཱ་རྒྱལ་ཁབ་གཉིས་ཀྱིས་ངེས་པར་དུ་སྔར་ལས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། ཐུན་མོང་གི་དགྲ་བོའི་དཔུང་འཇུག་རྒོལ་ལན་སྤྲོད་དགོས་པ་ནན་བཤད་བྱས། 

ཁུ་པཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཁཱ་ཝེ་ལོས་ཀྱིས་ཁུ་པཱ་རུ་འཚམས་འདྲི་བྱེད་སྐབས་ཁུ་པཱ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁཱ་སི་ཐི་ལོ་དང་། དེ་མིན་ཏིས་ཡཱ་སི་ཁཱ་ནེ་ཨར་གཉིས་དང་གྲོས་མོལ་བྱས། ལའོ་ཨར་ཁཱ་སི་ཐི་ལོ་ཡིས་ཁུ་པཱ་ཡིས་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།