ཀྲུང་གོ་བོད་ཀྱི་དྲ་བ།

པུ་ཁི་ནཱ་ཧྥ་སོ་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུ་ཁི་ནཱ་ཧྥ་སོ་ཡི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུའི་ཉིན་བསྒྲགས་པ་ལྟར་ན། པུ་ཁི་ནཱ་ཧྥ་སོའི་བྱང་ཕྱོགས་ཀྱི་སུའུ་མུའུ་ཞིང་ཆེན་ཨ་པེན་ཏཱ་གྲོང་ཁྱེར་དུ་ཚེས་དགུ་ཉིན་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར། 

པུ་ཁི་ནཱ་ཧྥ་སོ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་ཚེས་དགུ་ཉིན་འཕྲུལ་རྟར་ཞོན་ནས་ཨ་པེན་ཏཱ་གྲོང་ཁྱེར་གྱི་སྲང་ལམ་དུ་སོང་སྟེ་གང་འདོད་དུ་མེ་མདས་བརྒྱབ་པ་དང་། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར། དྲག་ཆས་ཉེས་ཅན་དག་གིས་ད་རུང་དངོས་སྐྱེལ་རླངས་འཁོར་མེར་བསྲེག་རྗེས་རླངས་འཁོར་ལ་བསྡད་ནས་བྲོས་བྱོལ་བྱས་སོང་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།