ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་དབང་ཤུགས་ལས་ཁུངས་ཀྱི་བདེ་འཇགས་དམག་དཔུང་གི་མི་སྣ་དག་དོགས་ཡོད་ཉེས་ཅན་དུ་རློམ་པ་དང་། དེ་ལ་མེ་མདས་བརྒྱབ་ནས་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་ཟེར། 

དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ཉིན་དེའི་ཞོགས་པར། དབྱི་སི་རལ་གྱི་དམག་དཔུང་གིས་ནཱ་པུའུ་ལུའུ་སི་ནས་དྲག་ཆས་ཉེས་ཅན་སྐོར་ཞིག་བར་འཁྲུག་རྩོད་བྱས་པ་དང་། དེའི་རྗེས་སུ་མི་སྣ་དེ་དག་ནི་ཕཱ་ལེ་སི་ཐན་དབང་ཤུགས་ལས་ཁུངས་ཀྱི་བདེ་འཇགས་དམག་དཔུང་གི་མི་སྣ་ཡིན་པ་ཤེས་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་བསྟན་དོན། འཁྲུག་རྩོད་བྱེད་སྐབས་དབྱི་སི་རལ་གྱི་དམག་མིར་རྨས་སྐྱོན་ཕོག་མེད་ལ། དོན་རྐྱེན་དེར་རྟོག་དཔྱོད་ཞིབ་མོ་བྱེད་རྒྱུ་ཡིན་ཟེར། 

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་དབང་ཤུགས་ལས་ཁུངས་ཀྱི་བདེ་འཇགས་དམག་དཔུང་གི་མི་སྣ་གཅིག་ལ་འཁྲུག་རྩོད་བྱེད་སྐབས་རྨས་ཡང་མོ་ཕོག་ཡོད་ཟེར། 

གཞན་ཡང་དབྱི་སི་རལ་གྱི་དམག་དཔུང་གིས་བསྒྲགས་པ་ལྟར་ན། ཚེས་བཅུ་གཅིག་ཉིན་གྱི་ཞོགས་པར། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་གྱི་དོགས་ཡོད་ཉེས་ཅན་བཅོ་བརྒྱད་འཛིན་བཟུང་བྱས་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། དོགས་ཡོད་ཉེས་ཅན་དེ་དག་འཇིགས་སྐུལ་དང་དྲག་ཤུགས་བྱ་འགུལ་ལ་འབྲེལ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།