ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་ཕཱ་ལེ་སི་ཐན་གནད་དོན་གྱི་པཱ་ལིནན་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུར་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཁཱ་ཚི་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། དབྱི་སི་རལ་ཕྱོགས་ཟླ་འདིའི་ཟླ་སྨད་དུ་པཱ་ལིན་ནས་སྤེལ་རྒྱུ་ཡིན་པའི་ཕཱ་ལེ་སི་ཐན་གནད་དོན་དང་འབྲེལ་བའི་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུར་ཞུགས་རྒྱུ་ཡིན་ཟེར། 

དེ་ནི་དབྱི་སི་རལ་གྱི་དཔོན་ཕྱོགས་ཀྱིས་ཐོག་དང་པོར་པཱ་ལིན་གྱི་ཞིབ་བསྡུར་ཚོགས་འདུར་ཞུགས་མིན་ཐད་ནས་རྣམ་འགྱུར་བསྟན་པ་རེད། མིག་སྔར་དབྱི་སི་རལ་དང་པཱ་ལིན་གྱིས་དངོས་གཞིའི་ཕྱི་ཕྱོགས་འབྲེལ་བ་བཙུགས་མེད། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཁཱ་ཚི་ཡིས་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་ཉིག་ཡོ་རུ་དབྱི་སི་རལ་གྱི་དབྱི་ལུའུ་སཱ་ལེམ་སྦྲགས་སྲིད་ཚགས་པར་གྱི་ལོ་ཚོགས་ལ་ཞུགས་རྗེས་གོང་གི་གནས་ཚུལ་དེ་བསྒྲགས་པ་རེད། ཁཱ་ཚི་ཡིས་ཨ་མེ་རི་ཁས་བདེ་འཇགས་མཉམ་ལས་དང་དཔལ་འབྱོར་གྲོས་འདོན་ལ་བརྟེན་ནས་ཨ་མེ་རི་ཁ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་གཟེངས་བསྟོད་བྱས་པ་དང་། པཱ་ལིན་གྱི་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུ་ནི་སྲོག་ཤིང་ནང་དོན་ཡིན་པ་རེད་ཟེར། 

ཟླ་འདིའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཨ་མེ་རི་ཁ་དང་པཱ་ལིན་གྱིས་པཱ་ལིན་གྱི་རྒྱལ་ས་མེན་ནཱ་མེད་ནས་ཞི་བདེ་ཡིས་དར་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུ་ཞིག་སྤེལ་རྒྱུ་ཡིན་པ་རེད། ཨ་མེ་རི་ཁའི་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་དུས་རབས་གྲོས་མཐུན་གྱི་དུས་རིམ་དང་པོའི་ནང་དོན་དེ་གྲོས་ཚོགས་ལ་སྤྲད་དེ་གྲོས་བསྡུར་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། གཙོ་བོ་ཕཱ་ལེ་སི་ཐན་གྱི་དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས་ཀྱི་གསར་འཛུགས་ལ་འབྲེལ་བ་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།