ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་དུས་ཚད་ཀྱི་སྔོན་དུ2016ལོའི་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་བའི་ལོ་འཁོར་གྱི་དམིགས་འབེན་ལས་འགན་ལེགས་གྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཟླ11པའི་ཟླ་མཇུག་བར་དུ། ཁུལ་ཡོངས་ཀྱིས་མཉམ་དུ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར207.21གཏོང་བ་ལེགས་གྲུབ་དང་ལོ་སྔོན་མ་ལས16.4%འཕར་སྣོན་བྱུང་ནས། དུས་ཚད་ལྟར་ཟླ་བ་གཅིག་གི་སྔོན་ལ་ཞིང་ཆེན་ཡོངས་ཀྱིས་གཏན་ཁེལ་བྱས་པའི་ལོ་ཧྲིལ་བོའི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར206.6གི་དམིགས་འབེན་ལས་འགན་ལེགས་གྲུབ་བྱུང་།

འདྲུད་ཤུགས་དམ་འཛིན་དང་རྨང་གཞི་སྲ་བརྟན་གྱིས་གནད་ཁེལ་དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། ལོ་ཧྲིལ་བོར་ཁུལ་ཡོངས་ཀྱི་ས་གཞན་ལ་གནས་སྤོར་བའི་དབུལ་སྐྱོར་ཁྱིམ་ཚང3503དང་ཡིག་ཚགས་དང་བྱང་བུ་བསྐྲུན་པའི་དབུལ་ཕོངས་ཁྱིམ་ཚང་ལ་མི་རེར་ཆ་སྙོམས་ཚད་ལྡན་ལྟར་སྒོར8000ཁ་གསབ་རོགས་སྐྱོར་བྱེད་པ་དེ་སྒོར10000ལ་འཕར། 《ཀན་ལྷོའི་དབུས་ཁུལ(ཆས་པའི་གཤིས་ཆུ་རྒྱུད)ཀྱི་དབུལ་ཕོངས་ས་ཁུལ་གྱི་དབུལ་སྐྱོར་འཕེལ་རྒྱས་འཆར་འགོད》ལས་སྣ་སོ་སོའི་ལས་གཞི55ལག་བསྟར་བྱས་པ་དང་སྒོར་དུང་ཕྱུར3.97དམིགས་སར་འབྱོར།《ཀན་ལྷོ་ཁུལ་ཨ་མཆོག་ས་ཁུལ་གྱི་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་འཆར་འགོད》ལས་མ་དངུལ་གཏོང་ཚད་སྒོར་ཁྲི8344དོན་འཁྱོལ་དང་སྣ་སོ་སོའི་ལས་གཞི41ལག་བསྟར་བྱས།

ཁྱད་ཆོས་དམ་འཛིན་དང་རྒྱབ་རྟེན་ཇེ་དྲག་ཏུ་བཏང་ནས་ཤུགས་ལྡན་སྒོས་ཐོན་ལས་དང་པོའི་འཕེལ་རྒྱས་སྐུལ་སྤེལ་བཏང་བ། ད་ལོར་རྒྱུད་བཟང་ནོར་ལུག་གསོ་སྤེལ་རྒྱ་བསྐྱེད་གཞི་ས1དང་ནོར་ལུག་ཚད་ལྡན་ཅན་གྱི་རྣམ་པའི་གསོ་སྤེལ་ར་བ56གསར་འཛུགས་བྱས་པ་དང་ཧུར་ཐག་གིས་རྣམ་པ་གསར་བའི་ཞིང་ཕྱུགས་ལས་རིགས་ཀྱི་ཚོང་གཉེར་མ་ལག་གསོ་སྐྱོང་བྱས། ཡུལ་སྐོར་ལམ་ཐིག་གཙོ་བོར་ལྗོངས་གཟིགས་སྟེགས་བུ་དང་ཅིའུ་ཏེན་ཆུ་འགག་ཡུལ་ལྗོངས་སུ་ཆུ་རྩེད་སྟེགས་བུ27གསར་དུ་བསྐྲུན།

ལྗང་མདོག་དམ་འཛིན་དང་རྣམ་པ་བསྒྱུར་བར་སྐུལ་འདེད་བྱས་ནས་ཧུར་བརྩོན་གྱིས་མཛེས་སྡུག་ལྡན་པའི་ཀན་ལྷོ་འཛུགས་སྐྲུན་བྱས་པ། ཁུལ་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ300འཛུགས་སྐྲུན་དང་དེར་འབྲེལ་ཡོད་ཁྱིམ་ཚང་ཁྲི2.07དང་མི་ཁྲི9.66ཡོད་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར33.3བཏང་། རྒྱུན་མཐུད་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་་ཀྱི་བྱ་བ་སྤེལ་བ་དང་ཆུ་བེད་དང་རོང་འབྲོག་སྡེ་བའི་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་སོགས་རིགས་ཆེན་མོ་བདུན་གྱི་ལས་གཞི130འཆར་འགོད་དང་མ་དངུལ་སྒོར་དུང་ཕྱུར8.83དོན་འཁྱོལ་བྱས།

གནད་ས་དམ་འཛིན་དང་མི་འདང་ས་ཁ་གསབ་བྱས་ནས་ལས་གཞི་གལ་ཆེན་སྐུལ་སྤེལ་བྱས་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྒོར་དུང་ཕྱུར101.87བཏང་བ་དང་། “6955”འགྲིམ་འགྲུལ་འབུར་ཐོན་བྱེད་སྒོའི་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་བ། ལོ་ན་མ་སོན་པའི་བྱིས་པ་སྲུང་སྐྱོབ་ཀྱི་ལྟེ་གནས་དང་གྲོང་རྡལ་གྱི་རྒན་གསོ་ཁང་། དབང་བོ་སྐྱོན་ཅན་གཉོར་སྐྱོང་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་པར་སྒོར་ཁྲི1780ཀྱི་མ་དངུལ་བཏང་།

གསར་སྐྲུན་དམ་འཛིན་དང་མ་དངུལ་རྒྱ་བསྐྱེད་ནས་ནུས་ཤུགས་ཡོད་རྒུས་ཚད་བཀག་ཚོད་འཛིན་བསལ་བ། རྒྱལ་ཁབ་དང་ཞིང་ཆེན་གྱི་སྣ་སོ་སོའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར35.57བཏང་བ་དང་། ཁུལ་ཡོངས་ལ་ཚོང་འགུག་དངུལ་འདྲེན་གྱི་ཆིངས་ཡིག52བཞག་པ་དང་ བསྡོམས་པས་སྒོར་དུང་ཕྱུར65.3གྱི་མ་དངུལ་བཏང་།

བདག་དམ་དམ་འཛིན་དང་ལམ་ལུགས་གསར་འཛུགས་བྱས་ནས་ངེས་པ་དོན་གྱིས་ལས་གཞི་འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་བཅོས་བྱས་པ། ཁུལ་སྲིད་གཞུང་གིས་བསྡོམས་པས་སྒོར1000མན་གྱི་མ་དངུལ་བཏང་ནས་ལས་གཞི་ཞིབ་བཤེར་ཆོག་མཆན་འགོད་བཞིན་པ་དང་མ་དངུལ་སྒོར་ཁྲི500མན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞི་དང་སྒོར་ཁྲི300མན་གྱི་འགྲིམ་འགྲུལ་ཆུ་བེད་འཛུགས་སྐྲུན་གྱི་ལས་གཞིའི་སུས་འཇོན་དེ་འགུག་གི་ཁྱད་དབང་རྫོང་དང་གྲོང་ཁྱེར་དུ་ཁྱབ་བརྡལ་བཏང་ནས་ཞིབ་བཤེར་གྱི་གོ་རིམ་སྟབས་བདེ་དང་ལས་སྒྲུབ་ཀྱི་ལས་ཆོད་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།