ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་རིམས་འགོག་ལྟེ་གནས་ཀྱིས་སྨན་དང་སྨན་བཅོས་འབྲོག་སྡེར་བསྐྱལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་བསླེབ་ལ་ཉེ་བའི་སྐབས་འདིར། ཁུལ་རིམས་འགོག་ལྟེ་གནས་ཀྱིས་འཚམས་འདྲི་ཚོགས་པ་རྩ་འཛུགས་བྱས་ནས། འབྲེལ་གཏུག་བྱ་ཡུལ་གྱི་བསང་ཆུ་རྫོང་ཙ་ཡུས་ཤང་གི་རང་བྱུང་སྡེ་བ11གི་ཁྱིམ་ཚང72ལ་སོང་ནས། འབྲེལ་གཉིས་རོགས་སྐྱོར་དང་ལོ་སར་དུས་ཆེན་སྔུན་གྱི་འཚམས་འདྲིའི་བྱ་འགུལ་དང་སྨན་དང་སྨན་བཅོས་སྐྱེལ་བའི་བྱ་འགུལ་སྤེལ།

འཚམས་འདྲི་ཚོགས་པ་འཁོར་དང་བཅས་པ་དང་ཤང་ཏང་ཨུ་དང་ཤང་སྲིད་གཞུང་། “ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་དང་བཞུགས་མོལ་བྱས་ཤིང་། ལོ་གཅིག་རིང་གི་འབྲེལ་གཉིས་བྱ་བར་ཕྱི་མིག་བལྟས་ཤིང་ཕྱོགས་སྡོམ་བྱས་ནས། ལོ་གསར་བའི་ནང་གི་རོགས་སྐྱོར་གྱི་རིག་ལམ་དང་བྱ་བའི་འཆར་གཞི་བཟོས། སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་སྡེ་འབྲེལ་ཁྱིམ་འབྲེལ་དང་དམངས་སྐྱོང་དམངས་ཕྱུག་བྱ་འགུལ་གྱི་མ་དངུལ་སྒོར་ཁྲི 2བྱིན། དུས་མཚུངས་སུ། ཙ་ཡུས་ཤང་གི་སྡེ་བ་དང་སྡེ་བ་ཁ་ཐོར་དུ་གནས་པ་དང་ཐག་རིང་ལུང་ཁུག་ཏུ་གནས་པ། ས་གནས་ནད་རིགས་མང་བ་དང་མང་ཚོགས་ཀྱིས་ནད་ལ་བལྟ་དཀའ་བའི་གནད་དོན་ལ་དམིགས་ནས། རིམས་འགོག་ལྟེ་གནས་ཀྱིས་ཆུ་ཚད་མཐོ་བའི་ཆེད་ལས་མི་སྣ་སྐོང་འཐེན་བྱས་ནས། ས་གནས་གཉིས་གཏན་ཁེལ་བྱས་ཤིང་གཅིག་བསྡུས་སྒོས་མང་ཚོགས་ལ་སྨན་བཅོས་དང་བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ། སྨན་བཅོས་མི་སྣས་ནད་ལ་བལྟ་རུ་ཡོང་བའི་སྡེ་དམངས་སྣེ་ལེན་ཡག་པོ་བྱས་ཤིང་། ཡུལ་དངོས་སུ་སྨན་རྫས རིགས100ལྷག་དང་། བདེ་ཐང་རྒྱུན་ཤེས་ཀྱི་དྲིལ་བསྒྲགས་ཡི་གེ་ཚར2000འགྲེམ་གཏོང་བྱས་ཤིང་། མི50ཡི་ནད་ལ་བལྟས། འབྲེལ་གཏུག་བྱེད་སའི་དབུལ་ཕོངས་ཁྱིམ་ཚང72ལ་རིན་གོང་སྒོར4500ཡིན་པའི་འཚོ་བའི་མཁོ་ཆས་དང་འབྲས། བཟའ་སྣུམ། རྒྱུན་སྤྱོད་སྨན་རིགས་སོགས་བཀྲམ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།