ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་སློབ་གསོ་བཅོས་སྒྱུར་གྱིས་ཁྱིམ་ཚང་དང་སློབ་མ་མང་པོར་ཕན་པ་བསྐྲུན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས11ཉིན་གྱི་དགོང་མོར། ཀན་སུའུ་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པས་གསར་འགོད་པའི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་སློབ་གསོ་ཐིན་གྱི་ཐིང་ཀྲང་ཝང་ཅ་དབྱི་གདན་དྲངས་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བཅོས་སྒྱུར་ཟབ་སྤེལ་གྱི་གནས་ཚུལ་མཚམས་སྦྱོར་བྱས།

2016ལོར།ཞིང་ཆེན་ཡོངས་སུ་བྱིས་སྙོར་ཁང2465འཛུགས་སྐྲུན་བྱས་པ་དང་སློབ་རིན་སྔོན་གྱི་སློབ་ཞུགས་ཚད90%ལ་བསླེབས་ཤིང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་སྔར་ལོ་ལས་15%མཐོ་རུ་སོང་།ཞིང་ཆེན་ཡོངས་ཀྱི་ཤང་གྲོང་དང་དབུལ་ཕོངས་རྫོང58ཀྱི་མི1500ཡན་གྱི་སྲིད་འཛིན་སྡེ་བ་དང་། མཉམ་འདྲེས་རྫོང་གི་སྲིད་འཛིན་སྡེ་བ17དང་གསར་བརྗེ་གནས་གཞིའི་ས་ཁུལ་གྱི་སྲིད་འཛིན་སྡེ་བ།བོད་རིགས་ས་ཁུལ་གྱི་སྲིད་འཛིན་སྡེ་བར་བྱིས་སྙོར་ཁང“ཡོངས་སུ་ཁྱབ་པ་ལྔ”མངོན་འགྱུར་བྱུང་།ལོ་རེར་སློབ་མ་རེར་སྒོར1000གི་ཚད་གཞི་ལྟར་བསྡོམས་པས་བྱིས་པ་ཁྲི163.4ལ་མ་དངུལ་སྒོར་དུང་ཕྱུར7.76འགྲེམ་གཏོང་བྱས།  2016ལོར་བསྡོམས་པས་མཐོ་རིམ་སློབ་གྲྭ19ཡི་ལས་སྐྲུན་གསར་གཏོད་ལས་གཞི35ལ་ཆེད་སྤྱོད་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་དང་། སློབ་མ་ཁྲི20ལ་ཕན་པ་བསྒྲུབ།

ཝང་ཅ་དབྱི་ཡིས་གོམ་སྟབས་རྗེས་མར་ཀན་སུའུ་ཞིང་ཆེན་གྱིས་བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི“བློ་ཐག་རྦད་ཆོད་གསུམ་དང་སྔོན་སྤེལ་གསུམ། གཟིགས་སྐྱོང་གསུམ”གྱི་སློབ་གསོ་དམ་འཛིན་བྱེད་པའི་བྱ་བའི་རིག་ལམ་གཞིར་བཟུང་སྟེ། སློབ་གསོ་སྔོན་དུ་གོང་འཕེལ་གཏོང་བའི་འཐབ་ཇུས་བློ་ཐག་རྦད་ཆོད་ཀྱིས་དོན་འཁྱོལ་བྱེད་པ་དང་། གྲོང་གསེབ་ཀྱི་སློབ་གསོའི་མངོན་གསལ་དོད་པའི་ཞན་ཆ་གསབ་རྒྱུ་བློ་ཐག་རྦད་ཆོད་ཀྱིས་དོན་འཁྱོལ་བྱེད་པ། དགེ་རྒན་དཔུང་ཁག་གི་རྨང་རྡོ་བློ་ཐག་རྦད་ཆོད་ཀྱི་ཇེ་བརྟན་དུ་གཏོང་དགོས། གོང་འཕེལ་གྱི་ཐད་ནས་སྔོན་ལ་སློབ་གསོའི་ལས་དོན་ལ་བསམ་བློ་གཏོང་བ་དང་། བྱ་བའི་ཐད་ནས་སྔོན་ལ་སློབ་གསོའི་བཅོས་སྒྱུར་བྱ་བར་སྐུལ་སྤེལ་གཏོང་བ། འགན་སྲུང་གི་ཐད་ནས་སྔོན་ལ་སློབ་གསོ་གོང་འཕེལ་ཡོང་བར་འདེགས་སྐྱོར་བྱ་དགོས། སློབ་གསོའི་གཏོང་དངུལ་གྲོང་གསེབ་ལ་གཟིགས་སྐྱོང་བྱེད་པ་དང་། སློབ་གསོའི་ཐོན་ཁུངས་དེ་གྲོང་གསེབ་ཀྱི་སློབ་གསོའི་ཐད་གཟིགས་སྐྱོང་བྱེད་པ། དགེ་རྒན་གྱི་སྒྲིག་ཁོངས་དང་ཐོབ་ཐང་གོ་མིང་དཔྱད་བསྡུར་སོགས་དེ་གྲོང་གསེབ་སློབ་གྲྭར་གཟིགས་སྐྱོང་བྱ་དགོས་པ་མ་ཟད། ཚད་མཐོ་ཞིང་ནུས་ཤུགས་ལྡན་ལ་དྲོད་ཚད་ལྡན་པའི་སློབ་གསོའི་བཅོས་སྒྱུར་སྲིད་ཇུས་དང་བཅོས་སྒྱུར་བྱེད་ཐབས་སྐོར་ཞིག་གཏན་འབེབས་བྱེད་པ་མ་ཟད་རྩ་འཛུགས་དང་ལག་བསྟར་བཟང་པོ་བྱས་ཏེ། སློབ་གསོའི་བཅོས་སྒྱུར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་ཆེན་པོ་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།