ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ལ“ཀྲུང་གོའི་ནོར་གནག་གི་འོ་རྫས་གྲོང་ཁྱེར”གྱི་མཚན་སྙན་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་འོ་རྫས་བཟོ་ལས་མཐུན་ཚོགས་ཀྱིས་བཏང་བའི《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ“ཀྲུང་གོའི་ནོར་གནག་གི་འོ་རྫས་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པའི་སྐོར་གྱི་བརྡ་ཐོ》འབྱོར་ཏེ།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ“ཀྲུང་གོའི་ནོར་གནག་གི་འོ་རྫས་གྲོང་ཁྱེར”གྱི་མཚན་སྙན་ཐོབ།

2016ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱབ་སྐྱོར་འོག་ཏུ། ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་དང་འོ་རྫས་ཁེ་ལས་རྩ་འཛུགས་བྱས་ནས། ཧུར་བརྩོན་སྒོས“ཀྲུང་གོའི་ནོར་གནག་འོ་རྫས་གྲོང་ཁྱེར”གྱི་མཚན་སྙན་ཡར་ཞུ་དང་བརྩོན་ལེན་བྱས། ཀྲུང་གོའི་འོ་རྫས་བཟོ་ལས་མཐུན་ཚོགས་ཀྱིས་ཆེད་མཁས་པ་ཁྲིད་དེ་རང་ཁུལ་གྱི་ནོར་གནག་གི་འོ་རྫས་ཐོན་ལས་གོང་འཕེལ་གྱི་གནས་ཚུལ་དང་ཐོན་ལས་ཀྱི་སྔོན་འགྲོ་ལ་རྟོག་དཔྱད་ཞིབ་འཇུག་བྱས། ཆེད་མཁས་ཚོགས་པས་ཀན་ལྷོ་ཁུལ་གྱི་ནོར་གནག་གི་ཐོན་ལས་ཀྱིས་བོད་ཁུལ་གྱི་རོང་འབྲོག་དམངས་དབུལ་ཐར་ཕྱུག་འགྱུར་དང་དཔལ་འབྱོར་རིགས་བསྒྱུར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ཁས་ལེན་གང་ལེགས་བྱས་ཤིང་། ཀན་ལྷོ་ཁུལ་གཞི་རྩའི་སྟེང་ནས《ཀྲུང་གོའི་འོ་རྫས་ལས་རིགས་ཀྱི་ཁྱད་ལྡན་མངའ་ཁུལ་གྱི་མཚན་སྙན་གྱི་ཚད་གཞིར་ཆོག་འཐུས》ཀྱི་བླང་བྱར་མཐུན་པ་དང་། “ཀྲུང་གོའི་ནོར་གནག་གི་འོ་རྫས་གྲོང་ཁྱེར”གྱི་མཚན་སྙན་གནང་ཆོག་པའི་འཐད་པ་བྱུང་།

འདིས་ཀན་ལྷོ་ཁུལ་གྱི་ནོར་གནག་ཐོན་ལས་ཚད་ལྡན་ཅན་གྱི་ལམ་དུ་བསྐྱོད་བཞིན་པ་མཚོན། སྲིད་གཞུང་གི་མ་དངུལ་གཏོང་ཚད་མུ་མཐུད་པར་ཇེ་མང་དུ་གཏོང་བ་དང་བསྟུན་ནས་ནོར་གནག་ཐོན་ལས་ཀྱིས་མཐའ་སྐོར་བོད་ཁུལ་གྱི་ཐོན་ལས་མ་ལག་ཀྱང་རིམ་བཞིན་ཆགས་གྱིན་ཡོད་པ་དང་། ཐོན་ལས་ཚོང་རྟགས་ཀྱི་ཕན་ནུས་ཀྱང་ཉིན་བཞིན་ཇེ་མཐོ་དང་རོང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་ཡོང་བའི་ནུས་པའང་ཇེ་མཐོ་ཡིན་ལ། ཀན་ལྷོ་ཁུལ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ལ་ནུས་ལྡན་གྱི་ཐོན་ལས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།