ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཚོང་དོན་ལམ་ལུགས་བཅོས་སྒྱུར་གྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོ་ནས་བཟུང་། ཚོང་དོན་ལམ་ལུགས་བཅོས་སྒྱུར་གྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་པས། ཀན་ལྷོ་ཁུལ་གྱི་ཚོང་རའི་གཙོ་བདག་ཁྱིམ་ཚང37189ལ་བསླེབས། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར554.98ལ་བསླེབས་ཡོད། 2015ལོ་དང་བསྡུར་ན་སོ་སོར13.0%དང7.4%འཕར་སྣོན་བྱུང་ཡོད། 2016ལོར་གསར་དུ་གོང་འཕེལ་བྱུང་བའི་ཚོང་རའི་གཙོ་བདག་ཁྱིམ་ཚང4335ཡོད་པ་དང་གསར་དུ་ཐོ་འགོད་བྱེད་པའི་མ་དངུལ་སྒོར་དུང་ཕྱུར240.38ཡོད། ཆ་སྙོམས་ཉིན་རེར་གསར་དུ་ཚོང་རའི་གཙོ་བདག་ཁྱིམ་ཚང11.87འཕར་བཞིན་ཡོད་ལ། ཐོ་འགོད་མ་དངུལ་སྒོར་ཁྲི65000ཡོད། ཉིན་རེར་ཆ་སྙོམས་ཧ་ལམ་ཚོང་དཔོན11གསར་དུ་འཕར་བཞིན་འདུག

ཉེ་བའི་ལོ་འགའི་རིང་། ཁུལ་བཟོ་ཚོང་ཅུས་ཀྱིས་རྒྱུན་མཐུད་ངང་ཚོང་དོན་ལམ་ལུགས་བཅོས་སྒྱུར་བྱེད་པ་དེ་བཅོས་སྒྱུར་གཏིང་ཟབ་དང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་སྐུལ་འདེད་དར་ཆ་མཐོན་པོར་བསྒྲེངས་ནས། 2013ལོར་རྒྱལ་ཡོངས་ཀྱི་སྔོན་གྲས་སུ“སྔོན་ལ་ཚོང་གཉེར་ལག་འཁྱེར་ལེན་པ། རྗེས་སུ་ཆོག་མཆན་དཔང་ཡིག་ལེན་པ།”དང“ས་གནས་གཅིག་ལ་ཚོང་གཉེར་ལག་འཁྱེར་མང་པོ་ལེན་པ”སོགས་བཅོས་སྒྱུར་བྱེད་པའི་ཐབས་ཇུས་བཏོན་ཏེ། ཀན་སུའུ་མ་གཏོགས་རྒྱལ་ཡོངས་ལ“སྔོན་ལ་ཚོང་གཉེར་ལག་འཁྱེར་ལེན་པ། རྗེས་སུ་ཆོག་མཆན་དཔང་ཡིག་ལེན་པའི”བཅོས་སྒྱུར་གྱི་ཡོལ་བ་ཕྱེ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐུལ་སྤེལ་བཏང་བའི“སྔོན་ལ་ཚོང་གཉེར་ལག་འཁྱེར་ལེན་པ། རྗེས་སུ་ཆོག་མཆན་དཔང་ཡིག་ལེན་པའི”བཅོས་སྒྱུར་ལས་ཟླ8ལྷག་གི་སྔོན་དུ་སྤེལ། 2014ལོར་ཕྱོགས་ཡོངས་ལ་ཐོ་འགོད་པའི་མ་དངུལ་གྱི“ཐག་གཅོད་སྤྲོད་ལུགས”སྤེལ་ནས་ཚོང་རར་ཞུགས་པར“སྒོ་ཐེམ་མེད་པ”དང་ཐོ་འགོད་བྱེད་པར“དངུལ་རིན་མེད་པ”མངོན་འགྱུར་བྱུང་། ལོ་དེའི་ཟླ3པ་ནས་ཟླ12པའི་བར་ཁུལ་ཡོངས་སུ་ཀུང་སི་སྣ་ཚོགས626བཙུགས་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར27.7ཡོད། དུས་མཚུངས་ལས87.4%དང138.8%འཕར། 2015ལོར་ནུབ་བྱང་གི་ཞིང་ཆེན་ལྔ་ལ“དཔང་གསུམ་གཅིག་སྒྲིལ”གྱི་ཐོ་འགོད་ལམ་ལུགས་བཅོས་སྒྱུར་སྐུལ་འདེད་བཏང་ནས། 2016ལོར“དཔང་གསུམ་གཅིག་སྒྲིལ་དང་ཚོང་ལས་ལག་ཁྱེར་གཅིག་ལ་ཚབ་རྟགས་གཅིག”གི་བཅོས་སྒྱུར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་བའི་རྨང་གཞིའི་སྟེང་། སྤྱི་ཚོགས་ཉེན་སེལ་ཐོ་འགོད་དཔང་ཡིག་དང་སྡོམ་རྩིས་ཐོ་འགོད་དཔང་ཡིག་སྡེབ་སྒྲིག་བྱས་ནས“དཔང་ལྔ་གཅིག་སྒྲིལ་དང་ཚོང་གཉེར་ལག་འཁྱེར་གཅིག་ལ་ཚབ་རྟགས་གཅིག”ཏུ་བཅོས་སྒྱུར་ལག་བསྟར་བྱས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ“དཔང་གཉིས་སྡེབ་སྒྲིག”གི་བཅོས་སྒྱུར་བྱེད་འགོ་བརྩམས། 2016ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་བཟོ་ཚོང་མ་ལག“དཔང་ལྔ་གཅིག་སྒྲིལ་དང་ལག་འཁྱེར་གཅིག་ལ་ཚབ་རྟགས་གཅིག”གི་ཚོང་གཉེར་ལག་འཁྱེར3019དང“དཔང་གཉིས་སྡེབ་སྒྲིག”གི་ཚོང་གཉེར་ལག་འཁྱེར་ཡང609འགྲེམ་གཏོང་བྱས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།